www.dharmabook.ru tibetan OCR


243
པོས་གཟུགས་སྐུར་མཉམ་པར་གོ་ཞིང་། འཆད་པ་པོས་ཚོགས་རྫོགས་པར་མཉམ་ཉམ་པ། ཆོས་སྐུ་ཐོབ་པར་
མཉམ་པ།
འགྲོ་དོན་མཛད་པ་མཉམ་པ་གསུམ་ལ་དགོང་ས་སོ།
གཉེན་བཤེས། ཉེ་དུའི་མིང་།
གཉར། (4) ཡོན་ཏན་སོགས་ཐོབ་དོན་དུ་འབད་པ་བྱེད་པ། དཔེར་ན། བྱང་ཆུབ་དོན་དུ་གཉེར་ཞེས་པ་ལྟ་བུ། (2)
བོས་པ། དཔེར་ན། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། སེམས་ཅན་ཐམས་ཅ་ད་བདག་གིས་
མགྲོན་དུ་གཉེར།
ཞེས་པ་ལྟ་བུ། (8) ཁྲོ་ཉམས་སྟོན་པ། འཇིགས་རྔམ་སྟོན་པ། དཔེར་ན། སྟག་བིས་ཁ་
གཉེར་ཞེས་པ་ལྟ་བུ། (4) གཉེར་མའི་ཚིག་བསྡུས་པ། ཁྲོ་གཉེར་ཞེས་པ་ལྟ་བུ།
མཉན་ཡོད། སྔར་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་ཏེ། སྒྲ་བཤད་ནི། དྲང་སྲོང་མཉན་པ་དང་། ཡོད་པ་
གཉིས་ཀྱིས་
བརྩིགས་པས་གྲོང་ཁྱེར་ཡིན་པས་དེ་སྐད་ཅེས་བཏགས།
མཉམ་གནས། (1)ལྷན་ཅིག་ཏུ་གནས་པ། (2) མཉམ་གནས་ཀྱི་ལུང་ད་ང་དོན་འདྲ་།
མཉམ་གནས་ཀྱི་རླུང་། མེ་མཉམ་དང་འདྲ། མཉམ་གནས་ཀྱི་རླུང་ནི། ལྟེ་བ་ན་གནས་ཤིང་། བྱེད་ལས་ནི། དྲོད་
དང་ཟས་
དུ་ངས་སྙིགས་འབྱེད། ཁ་དོག་ནི་ནག་པོ་ཡིན་པར་རྗེའི་གསུང་ན་གསལ། སྒྲ་བཤད་ནི། ལྟེ་བའི་
གཏུམ་མོ་དང་
མཉམ་དུ་གནས་པས་ན་མཉམ་གནས་ཞེས་བྱའོ། རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ།
མཉམ་པ་ཉིད་ལ་དགོངས་པ། དགོང་ས་པ་ཅན་བཞིའི་དང་པོ། སང་ས་རྒྱས་ཐམས་ཅ་ད་ཆོས་སྐུར་མཉམ་པ་ཉིད་
ལ་ད་གོང་ས་ནས་
ང་དེའི་ཆེ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། ཞེས་པ་ལྟ་བུ།
མཉམ་པར་བཞག་པ། བྱིང་རྒོད་དང་བྲལ་བའི་སྒོ་ནས་སེམས་དམིགས་པ་ལ་རྩེ་གཅིག་ཏུ་བཞག་པ། སྒྲ་བཤད་ནི།
བྱིང་རྒོད་ཀྱི་མཐའ་གཉིས་དང་བྲལ་ནས་སེམས་ཆ་མཉམ་པར་བཞག་པས་དེ་སྐད་ཅེས་བྱ། ལམ་རིམ་ཆེན་
མོ་ལ་
གཞི་བྱས་ཏེ་བཀོད། ད་པེ་དང་སྦྱར་ནས་བཤད་ན། སྭང་གདའ་མཐོ་དམའ་མེད་པར་དབུས་ན་དྲང་
པོར་
གནས་པ་ལ་མཉམ་པར་གནས་ཞེས་པ་ལྟར། སེམས་བྱིང་རྒོད་ཀྱི་མཐའ་གང་དུའང་མི་གནས་པ་ལ་
མཉམ་པར་གནས་པ
འམ་མཉམ་པར་བཞག་ཅེས་བྱའོ། སྙོམས་པར་འཇུག་པ་དང་དོན་གཅིག
ཉམ་པར་བཞག་པའི་ས་པ། ཞི་གནས་ཐོབ་པ་ནས་མཉམ་པར་བཞག་པའི་ས་པ་ཞེས་བྱ། དེ་ནི་འགྱོད་པ་མེད་
པ་དང་།
མཆོག་ཏུ་དགའ་བ་དང་ཤིན་སྦྱངས་དང་བདེ་བས་མངོན་པར་བསྒྲུབས་པ་ཡིན་པས་དེ་སྐད་ཅེས་
བྱ།
འདོད་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནི་དེ་ལས་ལྡོག་སྟེ་མཉམ་པར་མ་བཞག་པའི་ས་པ་ཞེས་
བྱའོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*