www.dharmabook.ru tibetan OCR


244
མཉམ་མེད་དགས་པོ་ལྷ་རྗེ། རྗེ་བཙུན་མི་ལའི་སློབ་མ་ད་གས་པོ་ལྷ་རྗེ་ནི། མདོ་ཏིང་ངེ་འཇིན་རྒྱལ་པོ་ཞུ་མཁན་གྱི་
ཟླ་འོད་གཞོན་ནུ་ཡིན་པར་བཤད། གཞོན་ནུའི་དུས་སྨན་པ་བསླབས་ནས་མཁས་པར་གྱུར་པས་ལྷ་རྗེར་
གྲགས།
ཇོ་མོ་ཞིག་ཀྱང་ཁབ་ཏུ་བཞེས་པ་ལ་དབུང་ལོ་ཉི་ཤུ་རྩ་འགའ་བཞེས་དུས་ཇོ་མོ་དེ་འདས་པས་
ཐུགས་སྐྱོ་སྟེ་
དགུང་ལོ་ཉེར་དྲུག་ལ་ཆོས་སྒོར་ཞུགས་། བཀའ་གདམས་པའི་དགེ་བཤེས་ཤ་བ་གླིང་པ་ལས་
བསྙེན་པར་རྫོགས།
བྱ་ཡུལ་བ། སྙུམ་རུམ་པ། ལྕགས་རི་གོང་ཁ་བ་རྣམས་ལ་བཀའ་གདམས་ཀྱི་ཆོས་མང་
དུ་གསན།
དགུང་ལོ་སོ་གཉིས་པར་རྗེ་མི་ལའི་སྙན་པས་ཐུགས་འཕྲོག་སྟེ་མཇལ་དུ་བྱོན་པས་དགྱེས་བཞིན་
དུ་རྗེས་སུ་བཟུང་
སྟེ་གདམས་ངག་ཐམས་ཅད་རྫོགས་པར་གནང་ཞིང་བསྒོམས་པས་རྟོགས་པ་ཁྱད་པར་ཅན་
ཐུགས་ལ་
འཁྲུང་ས། བཀའ་གདམས་ཀྱི་ལམ་རིམ་དང་། མི་ལའི་ཕྱག་ཆེན་གྱི་གདམས་པ་གཅིག་ཏུ་དྲིལ་
ནས་
ལམ་རིམ་ཐར་རྒྱན་མཛད། འདི་ནས་བཟུང་བཀའ་ཕྱག་ཆུ་བོ་གཅིག་འདྲེས་སུ་གྱུར། ཕྱག་རྒྱ་ཆེན་པོ་
ལྷན་ཅིག་སྐྱེས་སྦྱོར་
བྱ་བའི་ཁྲིད་རིམ་གྱིས་སློབ་མ་བཀྲི་བར་མཛད། ད་གུང་ལོ་དོན་ལྔ་པ་ཆུ་བྱ་ལོར་འད་ས།
--- མཉམ་མེད་དགས་པོ་ལྷ་རྗེའི་རྗེས་འབྲང་རྣམས་ལ་དགས་པོ་བཀའ་བརྒྱུད་པ་ཞེས་ཟེར་
ཞིང་།
དེ་ལ་ཡང་ནང་གསེས་ཀྱིས་ཕྱེ་ན། ཀརྨ་བཀའ་བརྒྱུད། ཕག་གྲུ། ཚལ་པ། འབྲི་གུང་། འབྲུག་པ།
སྟག་ལུང་། འབའ་རོམ། གཡའ་བཟང་། ཁྲོ་ཕུའི་བཀའ་བརྒྱུད་རྣམས་སོ་སོར་བྱུང་ང་ངོ་། ཐུའུ་བཀྭན་གྲུབ་
མཐར་
གཞི་བྱས། མཚན་གྱི་རྣམ་གྲངས་ནི། དགས་པོ་ལྷ་རྗེ། མཉམ་མེད་དགས་པོ་ལྷ་རྗེ། སྒམ་པོ་བ། རྗེ་
སྒམ་པོ་བ།
དགས་པོ་རིན་པོ་ཆེ། དཱགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་བཅས་སོ།
མཉམ་བཞག སམཱཧིཏ» མཉམ་པར་བཞག་པ་ད་ང་དོན་འདྲ།
མཉམ་བཞག་ནམ་མཁའ་ལྟ་བུའི་སྟོང་ཉིད། སྟོང་པ་ཉིད། རྗེའི་ལྷག་མཐོང་ཆེན་མོ་ལས། རིགས་པའི་ཤེས་
པས་ཆོས་ཅ་ན་སྣང་བ་ལ་སྐྱེ་འགག་སོགས་ཀྱི་རང་བཞིན་རྣམ་པར་བཅད་པ་ཙ་མ་གྱི་སྟོང་པ་ལ་ནམ་མཁའ་ལྟ་
བུའི་སྟོང་ཉིད་དང་།
ཞེས་གསུངས་པ་ལྟར་རོ། སྒྲ་བཤད་ནི། མཉམ་བཞག་གི་ཡུལ་ཡིན་པ་དང་། ནམ་
མཁའ་དེ་ཐོགས་རེག་བཀག་ཙ་མ་གྱི་མེད་དགག་
ཡིན་པ་ལྟར་འདི་ཡང་དགག་བྱ་བདེན་གྲུབ་བཀག་ཙ་མ་གྱི་
མེད་དགག་ཡིན་པས་
ནམ་མཁའ་ལྟ་བུའི་ཐ་སྙད་བྱས་སོ།
མཉེལ་བ། ཞེ་ས ཐང་ཆད་པ། སྐུ་མཉེལ་བ་ཞེས་པ་ལྟ་བུ།
མཉེས་པ་གསུམ། བླ་མ་མཉེས་པར་བྱེད་པའི་ཐབས་གསུམ་སྟེ། ཟང་ཟིང་འབུལ་བ། ལུས་ངག་གིས་བསྙེན་
བཀུར་བ།
བཀའ་བཞིན་བསྒྲུབ་པའི་སྒོ་ནས་མཉེས་པར་བྱེད་པ་ད་ང་གསུམ་། མདོ་སྡེ་རྒྱན་ལས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*