www.dharmabook.ru tibetan OCR


ད་ང་པོ་སྤང་སྤོས་སྣ་ཚ་ཏིང་ངེ་བ་ཕུལ། དེ་ནས་རེང་བུ་བཞི་སྦྱོར་མངར་སིང་བ་ད་བུལ་རྒྱུ་བྱུང་། ཞེས་
གསུང་ས།
ཏིང་ངེ་འཇིན། «སསཱདྷཱ» ཅྭཞེས་པ་ནི་ཡང་དག་པར་འཛིན་པའི་དོན་ཡིན་པར་བཤད་ལ། དེའི་ངོ་བོ་ནི།
བརྟགས་ཟིན་པའི་དངོས་པོ་ལ་དམིགས་ནས་རྒྱུན་ལྡན་དུ་འཛིན་པའི་སེམས་རྩེ་གཅིག་པར་བྱེད་པས་རབ་ཏུ་
ཕྱེ་བའི་
སེམས་བྱུང་ཞིག་སྟེ། ཡུལ་ངེས་ལྔའི་བཞི་པའོ། [ངོ་བོ་འདི་རྒྱལ་ཚབ་ཆོས་རྗེའི་ཀུན་བཏུས་དར་ཊིཀ་ལྐར་
བཀོད
བཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་སེམས་སེམས་བྱུང་གི་འགྲེལ་པར། བཏགས་པའི་དངོས་པ་ལ་དམིགས་ནས་ཞེས་
གསུངས་ཤིང་། དགོས་པ་ནི། ཏིང་ངེ་འཛིན་སྒོམ་པའི་ཚེ་བློས་བཏགས་པའི་དམིགས་པ་ལ་སེམས་འཛིན་པ་ཡིན་པས་བཏགས་པ་
གསུང
ས་སོ་ཞེས་ཀྱིང་གསལ། སྒྲ་བཤད་ནི། ཏིང་ངེ་ནི་རྒྱུན་ཆགས་པ། འཛིན་ནི་མི་གཏོང་བའོ། དེས་ན་
སེམས་དམིགས་པ་
ལ་རྒྱུན་ཆགས་པར་དམ་དུ་བཟུང་ནས་མི་གཏོང་བས་ན་ཏིང་ངེ་འཛིན་ནོ། དེ་ཡང་ཏིང་
ངེ་
ཞེས་བྱ་བ་ནི། སྦྲེང་ངེ་། ཚུག་གེ། སྟར་ཆགས་པ། རྒྱུན་ཆགས་པ། བར་མ་ཆད་པ་ཞེས་བྱ་བའི་དོན་
ཡིན་
པར་བྲ་ཏི་དགེ་བཤེས་རིན་ཆེན་གྲུབ་གསུང་བ་ནི། རྒྱལ་ཆབ་ཆོས་རྗེའི་ཀུན་བཏུས་དར་ཊིཀ་དང་ཡང་
མཐུན་ནོ།
ཡང་ན། སྔགས་རིམ་ཆེན་མོ་ལས། རྩེ་གཅིག་ཏུ་བྱེད་ཅིང་སེམས་ལ་འཇོག་པས་ན་ཏིང་ངེ་
འཛིན་ཞེས་བྱའོ།
ཞེས་གསུང་ས་པ་ལྟར་དང་། ཡང་འགའ་ཞིག་གིས། ཏིང་ངེ་ནི་མི་གཡོ་བ། འཛིན་ནི་མི་
གཏོང་བའོ། ཞེས་ཀྱང་སྣང་། ཁོ་བོ་ལྟར་ན། ཏིང་ངེ་ནི་བརྟན་པ། འཛིན་ནི་མི་གཏོང་བའི་དོན་ཡིན་པས།
སེམས་དམིགས་པ་ལ་བརྟན་པོར་བཟུང་ནས་མི་གཏོང་བས་ན་ཏིང་ངེ་འཛིན་ཞེས་སྒྲ་བཤད་ཀྱང་མི་རུང་བ་
མེད་པར་
སེམས་ཏེ། བརྟན་ཞིང་མི་འགྱུར་བ་ཏིང་ངེ་བའི་དོན་དུ་ལུང་ཕྲན་ཆེགས་ཀྱི་འགྲེལ་པར་གསུང་ས་
པས་སོ།
ཏིང་ངེ་
འཇིན་གྱི་ཕུང་པོ། ཏིང་ངེ་འཛིན་གྱི་ཚོགས་ཏ། རྟོག་བཅ་ས་དཔྱོད་བཅས་ལ་སོགས་པའི་ཏིང་ངེ་འཛིན་གྱི་
རང་བཞིན་
རྣམས་སོ།
ཏིང་ངེ་འཛིན་སེམས་དཔའ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨིག་འབྲུའི་ས་བོན་ཧཱུཾ་དང་རྟཾ་སོགས་ལ་ཟེར།
སྒྲ་བཤད་ནི། གནས་འདི་ལ་རྩེ་གཅིག་ཏུ་དམིགས་ནས་བསྒོམས་པས་ཏིང་ངེ་འཛིན་གྱི་མཆོག་ལྷན་ཅིག་སྐྱེས་
པའི་ཡེ་ཤེས་
སྐེས་ནས་སྒྲུབ་པ་པོ་ངེས་པར་ལེགས་པ་ལ་སྦྱོར་བས་དེ་ལྟར་བརྗོད་པའི་ཕྱིར། ཞེས་པཎ་ཆེན་
བློ་བཟང་
ཆོས་ཀྱི་རྒྱལ་མཆན་གྱི་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་དངོས་གྲུབ་རྒྱ་མཚོའི་སྙིང་པོ་ལས་
གསུང་ས།
ཏིལ་གྱི་གང་བུ། ཏིལ་འབྲུས་ཁེངས་པའི་ཤུན་ལྤགས་སྲུབས་།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*