www.dharmabook.ru tibetan OCR


264
ཡངས། ཞེས་གསུངས་པ་དང་མཐུན། མངོན་རྟོགས་རྒྱན་ལས། སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་
དྲ་ང་། ཞེས་འབྱུང་།
རྟིང་ཡ་ང་ས། རྟིང་པ་ཡང་ས་པ་ལ་གཟིགས།
རྟུལ། བརྟུལ་བའི་ད་སྟར་བ (4) འདུལ་ (2)བཙོན་འགྲུས། རྩོལ་བ། དཔེར་ན། སོ་སོར་ཐར་པའི་མདོ་ལས།
ཆེ་དང་ལྡན་པ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག་ལྟ་བུ། (8) ཕྱོགས་གཅིག་ཏུ་
སྡུད་པ།
གནས་མལ་རྣམས་ཕྱོགས་གཅིག་ཏུ་རྟུལ་བར་བྱེད་ཅེས་པ་ལྟ་བུ། (4) སྙིང་སྟོབས། (8) རྣོན་པོ་མ་
ཡིན་པ།
དབང་རྟུལ་ཞེས་པ་ལྟ་བུ། བརྟལ་ལ་གཟིགས།
རྟེན་ཁབས། ༿ ཐོད་པ་དང་ནང་མཆོད་སོགས་ལ་གཡོག་རྒྱུའི་ཁེབས། ༿ རྟ་ན་ལ་གཡོག་རྒྱུའི་དར་གོས་ཀྱི་ཁེབས་
གྲུ་བཞི་ཞིག
རྟེན་ཁྱད་པར་ཅན་སྤོང་ཞིང་ཉེས་པ་ནམས་སྤོང་བ། ཁྱད་པར་ཅ་ན་གྱི་སྤྱོད་པ་ལྔ་སྤོང་བའི་ནང་གསེས་ཏེ། ས་
རང་བཞིན་དུ་གནས་པའི་དགེ་སློང་
གཞན་ལ་འདྲིས་ཤིང་བརྟེན་པ་སྤོང་ལ། ཆད་པའི་རྒྱུ་ལྷག་མ་སོགས་ལ་
སླར་ཡང་བག་མེད་དུ་འཇུག་པ་སྤོང་བ་སོགས།
རྟེན་གྱི་སྟོབས། གཉེན་པོ་སྟོབས་བཞིའི་ནང་ཆན་རྟེན་གྱི་སྟོབས་ནི་སྐྱབས་འགྲོ་དང་སེམས་བསྐྱེད་བསྒོམ་པ་ལ་ལམ་
རིམ་
ཆེ་ཆུང་དུ་གསུངས་པ་ལྟར་རོ། སྒྲ་བཤད་ནི། སྐྱབས་ཡུལ་ནི་རྟེན་ཡིན་ལ། དེ་ལ་སྐྱབས་འགྲོ་དང་
སེམས་བསྐྱེད་པ་ནི་
སྟོབས་སོ།
རྟེན་གཏོར། ལོ་མང་པོ་དང་མི་རབས་སོགས་ཀྱི་བར་རྒྱུན་པར་འཇོག་པའི་གཏོར་མ།
རྟེན་འབྱུང་། རང་གི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ལ་རྟེན་འབྱུང་དང་། རང་གི་ཆ་ཤས་ལ་བརྟེན་ནས་བྱུང་བའམ་
གྲུབ་པ་ལ་རྟེན་འབྱུང་། རང་གི་གདགས་གཞི་ལ་བརྟེན་ནས་བཏ་གས་ཙ་མ་གྱིས་གྲུབ་པ་ལ་རྟེན་འབྱུང་ཞེས་
འགྲེལ་ཚུལ་གསུམ་ལས། དང་པོ་གྲུབ་མཐའ་འོག་མ་དང་ཐུང་མོང་བ། གཉིས་པ་རང་རྒྱུད་པ་ད་ང་ཐུན་
མོང་བ།
གསུམ་པ་ཐལ་འགྱུར་བའི་ཐུང་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ནོ།
རྟེན་འབྲེལ་བསྟོད་པའི་ཊི་ཀ། རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཊི་ཀ། ལྕང་སྐྱ་
རོལ་པའི་རྡོ་རྗེའི་
རྟེན་འབྲེལ་བསྟོད་པའི་ཊཱི་ཀ། དངུལ་ཆུ་དྷྭརྨ་བྷ་དྲའི་རྟེན་འབྲེལ་བསྟོད་པའི་ཊི་ཀ། ཕུར་
ལྕོགས་ངག་
དབང་བྱམས་པས་མཛ་ད་པའི་རྟེན་འབྲེལ་བསྟོད་པའི་ཊི་ཀ། དགས་པོ་ངག་དབང་གྲགས་པའི་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*