www.dharmabook.ru tibetan OCR


267
དེའི་མཆན་གཞི་བཻཌཱུར་འོད་ཀྱི་མདོ་གཟུངས་ལྟ་བུ་གཟུངས་དང་འབྲེལ་བའི་ཆོ་ག་བསྟན་པའི་མདོ་སྡེ་རྣམས་
ལ་མཛད་དོ། (8) རིལ་བུ་མིག་སྨན་སོགས་སྒྲུབ་པའི་ཆོ་ག་ཞིབ་མོ་རྣམས་ཤས་ཆེར་སྟོན་པའི་རྟོག་པ་ཀུན་
ལས་བཏུས་པ་སོགས་
ལ་རྟོག་པའི་རྒྱུད་དུ་བཞེད་།
རྟོགས། རྟོགས་པ་དང་འདྲ། རྟོགས་པ་ལ་གཟིགཟིགས།
རྟོགས་ལྡན། གྲུབ་ཐོབ། ས་ལམ་གྱི་ཡོན་ཏན་ཐུགས་རྒྱུད་ལ་འཁྲུང་ས་པའི་སྐྱེས་བུ། ཆོས་ཀྱི་ཉམས་མོང་ཆད་ལྡན་
རྒྱུད་ལ་འཁྲུངས་པའི་སྐྱེས་བུ། སྒྲ་བཤད་ནི། རྟོགས་པ་ནི་ས་ལམ་གྱི་ཡོན་ཏན་ཡིན་ལ། དེ་དང་ལྡན་པས་ན་
རྟོགས་ལྡན་ནོ། བོད་རྒྱ་ཚིག་མཛོད་ཆེན་མོར། རྟོགས་ལྡན་ཞེས་པ་མཁས་པ་ལ་འཇུག་པར་གསུང་ས་
འདུག་ཀྱང་དེ་མཁས་པ་ལ་འཇུག་པར་དཀའ། རྟོག་ལྡན་དང་ནོར་བ་འདྲའོ།
རྟོགས་པ། (1) བྱ་ཚིག གཞལ་བ། ངེས་པ། ཤེས་པ། (2) མིང མཁྱེན་པའི་ཡེ་ཤེས། (8) སྒུར་བར་བྱེད་པ།
དཔེར་ན། ཨཱ ས་བདུད་རྩིར་རྟོགས་པར་བྱས། ཞེས་པ་ལྟ་བུའོ། (4) ཐོབ་པ། མངོན་རྟོགས་རྒྱན་ལས།
རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། རྟོགས་སླ་ཐོབ་སླརྟུལ་པོས་རྟོགས་ད་ཀར་ཐོབ་དཀར བཤད། ཅེས་པ་
ལྟ་བུ་དང་།
གཞན་ཡང་། དབུ་མ་སྙིང་པོ་རྗེའི་ལམ་རིམ་ཆེན་མོར་དྲང་ས་པ་ལས། ཕྱོགས་སུ་ལྷུང་བས་
སེམས་གདུང་ས་པས།
ཞི་བ་ནམ་ཡང་རྟོགས་ཐོབམི་འགྱུར། ཞེས་གསུང་ས་པ་ལྟ་བུའོ།
རྟོགས་པ་བརྗོད་པའི་སྡེ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དྲུག་པ་རྟོགས་པ་བརྗོད་པའི་སྡེ་ནི། མཆིམས་མཛོད་
ལས།
དཔེས་དོན་གསལ་བར་བྱེད་པ་དཔེ་དང་བཅ་ས་པར་གསུངས་པ་རྟོགས་པ་བརྗོད་པའི་སྡེ་དང་། ཞེས་
གསུང་ས་པ་ལྟར་རོ།

རྟོགས་པ་འབུལ་བ། རང་རྒྱུད་ལ་ཉམས་རྟོགས་གང་སྐྱེས་རང་གི་བླ་མ་སོགས་ཡུལ་གོང་མ་ལ་ཞུ་བ།
རྟོག་པའི་རྣལ་འབྱོར། ཕྲ་བ་རྟོག་པའི་རྣལ་འབྱོར་དང་འདྲ།
རྟོགས་ཕུལ་མཛད། རྟོགས་པ་འབུལ་བ་དང་དོན་གཅིག
རྟོན་པ། ཡིད་གཏོད་པའམ། ཡིད་བརྟན་པར་བྱེད་པ། བརྒྱད་སྟོང་པ་ལས། ཚིག་འདི་དག་ཐོས་ནས་ཀྱང་མི་འཁྲུག་
མི་གཡོ་ཞིང་
དེ་ཆོས་ཉིད་ལ་རྟོན་། ཞེས་དང་། དེའི་ཐད་ཀྱི་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་
ལས།
རྟོན་པ་ནི་བརྟན་པར་བྱེད་པའོ། ཞེས་གསུང་ས།
རྟོན་པ་བཞི། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲ་ང་དོན་ལ་མི་རྟོན་ངེས་དོན་ལ་
རྟོན།
རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་དང་བཞིའོ། ཞེས་བློ་གྲོས་མི་ཟད་པའི་མདོ་ལས་གསུང་ས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*