www.dharmabook.ru tibetan OCR


268
དེ་ཡང་མདོ་ཚན་དང་པོ་དེས་བསྟན་པ་སྐྱོན་མེད་དུ་རྟོགས་པ་ལ་བརྟེན་ནས་སྟོན་པ་སྐྱོན་མེད་དུ་རྟོགས་
དགོས་ཀྱི་སྟོན་པ་སྐྱོན་མེད་དུ་རྟོགས་པ་ལ་བརྟེན་ནས་བསྟན་པ་སྐྱོན་མེད་དུ་རྟོགས་མི་ནུས་ཞེས་བས་བསྟན།

གཉིས་པས་སྟོང་ཉིད་སྟོན་པའི་ཚིག་དེ་གནས་ལུགས་མིན་། བསྟན་དོན་སྟོང་ཉིད་དེ་གནས་ལུགས་ཡིན་
ཞེས་བས་བསྟན།
གསུམ་པས་དྲ་ང་དོན་ཀུན་རྫོབ་པ་གནས་ལུགས་མ་ཡིན། ངེས་དོན་དོན་དམ་པ་གནས་ལུགས་
ཡིན་ཞེས་བས་བསྟན།
བཞི་པས་རྣམ་ཤེས་འཁྲུལ་བའི་སྣང་ཚུལ་མི་བདེན། ཡེ་ཤེས་མ་འཁྲུལ་བའི་གཟིགས་
ཚུལ་བདེན་ཞེས་
བསྟན་ཏོ། ཞེས་རིགས་པའི་དབང་ཕྱུག་སེ་ར་རྗེ་བཅུན་ཆོས་ཀྱི་རྒྱལ་མཚན་གྱི་དྲང་ངེས་
རྒོལ་ངན་ཆར་གཅོད་ལས་གསུངས།
རྟོལ་མད། རྟོལ་མེད་པ་དང་འདྲ།
རྟོལ་མེད་པ། གཏོལ་མེད་པ་དང་འདྲ། ཆ་མེད་པ། རྒྱུས་མེད་པ། རྨོངས་ཏེ་ཅི་བྱ་འདི་བྱེད་མེད་པར་གྱུར་པ།
ལྟ་སྒོམ་སྤྱོད་གསུམ། ༿ དགེ་ལུགས བསླབ་པ་གསུམ་དོན་གཅིག། དེ་ཡང་ལྟ་བ་ཤེས་རབ་ཀྱི་བསླབ་པ། སྒོམ་པ་
ཏིང་ངེ་འཛིན་གྱི་
བསླབ་པ། སྤྱོད་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་འདྲ། རྗེ་གུང་ཐང་པས། ལྟ་བ་རྣམ་དག
་རྟག་ཆད་
ལྟ་ལས་གྲོལ། སྒོམ་པ་རྣམ་དག་བྱིང་རྨུགས་མུན་པ་སངས། སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་
བཞིན་བསྒྲུབས། བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག། ཅེས་གསུངས་པ་ལྟར་རོ། ཡང་ཚིག་རིས་
ཅུང་ཟད་མི་འདྲ་བ་
འདི་ལྟར། གནས་ལུགས་ཇི་བཞིན་ངེས་པ་ལྟ་བ། དེ་ཉིད་ལ་སེམས་རྩེ་གཅིག་ཏུ་འཇོག་
པ་སྒོམ།
སྡོམ་གསུམ་དང་མི་འགལ་བའི་སྒོ་གསུམ་གྱི་ཉམས་ལེན་ལ་སྤྱོད་པ་དང་གསུམ་ལ་ཟེར་ཏེ། པཎ་
ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་
རང་རྣམ་ལས། གཞི་འཁོར་འདས་ཆོས་རྣམས་ཇི་སྙེད་པ། རང་བློ་
ལ་སྣང་ཙ་མ་མ་གཏོགས་པ།
དོན་ལོགས་སུ་གྲུབ་པ་མ་མཆིས་པའི། དབྱིངས་ཇི་བཞིན་ངེས་པ་ལྟ་བ་
ཡིན།
སྔོན་ཐོག་མེད་དུས་ནས་རྗེས་འབྲེལ་བའི། དགྲ་བདག་འཛིན་འགོང་པོ་སྲོག་བཅ་ད་ད། ཆོས་ཀུན་
གྱི་རང་བཞིན་སྟོང་ཉིད་ལ།
སེམས་རྩེ་གཅིག་འཇོག་པ་སྒོམ་པ་ཡིན། ཐབས་བྱང་ཆུབ་སེམས་ཀྱི་རྩིས་ཟིན་
པའི།
རྗེས་སྒུ་མར་རྟོགས་པའི་རྣལ་འབྱོར་གྱིས། དཔལ་སྡོམ་པ་གསུམ་དང་མི་འགལ་བ། སྒོ་གསུམ་གྱི་
ཉམས་ལེན་སྤྱོད་པའི་མཆོག
ཅེས་གསུངས། ༿ བཀའ་བརྒྱུད གནས་ལུགས་མཐོང་བས་ན་ལྟ་བ། དེ་
ཉིད་མ་ཡེངས་པར་
ཡང་ཡང གོམས་པས་ན་སྒོམ། དེ་ལ་རྒྱུན་དུ་སྤྱོད་པས་ན་སྤྱོད་པ་ཟེར་བ་ཡིན་ཏེ། ཅེར་
གྱིས་བལྟ་
བ་ལྟ་བ་ཡིན། དེ་ལ་མ་ཡེངས་སྒོམ་པ་པིན། རྒྱུན་དུ་སྤྱོད་པས་སྤྱོད་པ་ཡིན། ཞེས་དང་། ཀརྨ་
པ་རང་བྱུང་
ཞབས་ཀྱི་ཕྱག་ཆེན་སྨོན་ལམ་ལས་ཀྱང་། གཞི་ལ་སྒྲོ་འདོགས་ཆོད་པ་ལྟ་བའི་གདེངས། དེ་ལ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*