www.dharmabook.ru tibetan OCR


272
ཆ་གསུམ་འགྱུར་དང་། སྙིང་གར་འབབ་པའི་ཚེ་ན་ཆ་གསུམ་དུ་བགོས་པའི་ཆ་གཅིག་བསྐམས་པས་སྙིང་
ཁའི་
ཧྲུ་ལ་རིང་ཆ་གཉིས་དང་ལྡན་པ་དང་། ལྟེ་བར་སླེབས་པའི་ཆེ་ན་ཆ་གཅིག་བསྐམས་པས་ལྟེ་བའི་ཨ་ལ་
རིང་ཆ་མི་འོངས་བའི་རྒྱུ་མཚན་དེ་ཡིན་ནོ་གསུང་ངོ་། ཞེས་རྗེའི་གསུང་མི་བསྐྱོད་རྡོ་རྗེས་ཟིན་བྲིས་བཏབ་
པ་
མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཀྱི་རྨིག་ལེ་ཞེས་བྱ་བ་ལ་གཞི་བྱས་ཏེ་བཀོད།
ལྟོ་འཕྱེ། ༿ ཀླུ། ༿ སྦྲུལ། སྒྲ་བ་ཤད་ནི། ལྟོ་བས་འཕྱེ་བ་སྟེ་འགྲོ་བས་ན་དེ་སྐད་ཅེས་བྱོ། བསྟན་དར་ལྷ་ར་མས་
པ་ལ་གཞི་བྱས།
ལྟོ་འཕྱེ་ཆེན་པོ། པམཏོརག» དགའ་བོ་ལ་སོགས་པ་ཀླུ་ཆེན་པོ་རྣམས། རྗེའི་གསུང་ལ་གཞི་བྱས།
སྟག་ལྤགས་ཀྱི་མཚོན་དོན། ༿ སྟག་ལྤགས་ནི་སྲིད་གསུམ་འགྲོ་བ་ཐམས་ཅད་ཉོན་མོངས་པ་སྟག་དང་འདྲ་བས་
ཟོས་པ་དེ་ཉིད་འཇོམས་པའི་མཚོན་བྱེད་དུ་ན་རོ་པས་བཤད་ཅི་ང་། ༿ འཇིགས་པ་མེད་ཅིང་རྣམ་རྟོག་
དང་བྲལ་བའི་
དོན་དུ་ཀརྨ་པ་རང་བྱུང་ཞབས་བཞེད་པར་གསུང་ངོ་།
སྟག་ཚང་ལོ་ཅཱ་བ་རྩོད་ལན། སྟག་ཚང་ལོ་ཙཱ་བས་རྗེ་ཙོང་ཁ་པའི་ལྟ་བ་ལ་མི་འཐད་པའི་འགལ་བའི་ཁུར་ཆེན་
བཅོ་བརྒྱད་ཡོད་
ཚུལ་གྱི་རྩོད་ཡིག་གྲུབ་མཐའ་ཀུན་ཤེས་ཞེས་བྱ་བ་དེའི་རྩོད་ལན། པཎ་ཆེན་བློ་བཟང་ཆོས་
ཀྱི་རྒྱལ་མཚན་དང་།
ཕུར་ལྕོག་ང་ག་དབང་བྱམས་པ། ལི་ཐང་མཁན་པོ་ཉག་རེ་ཆོས་གྲགས་སོགས་དགེ་
ལྡན་
གྱི་མཁས་པ་མང་པོས་དགག་ལན་མཛད་འདུག
སྟ
ག་ལུང་བཀའ་བརྒྱུད། དུགས་པོ་བཀའ་བརྒྱུད་ཀྱི་ནང་གསེས་ཤིག་སྟེ། སྟག་ལུང་ཐང་པ་ཆེན་པོ་ལས་བརྒྱུད་པའི་
བཀའ་
བརྒྱུད་པའི་གྲུབ་མཐའ་ཞིག་གོ།
སྟན་གཅིག (4) སྟན་ཐོག་གཅིག་དང་འདྲ། (2) གདན་གཅིག
སྟན་ཐོག་གཅིག མཉམ་གཞག་ཐུན་གཅིག
སྟིང་བ། ད་ལྐ་བ བརྙས་ཐབས་ཀྱིས་ཟུར་གྱིས་འཕྱ་བ། དཔེར་ན། བརྒྱད་སྟོང་པ་ལས། གཞན་དག་ལ་བརྙས་པར་
བྱེད་
རྔན་ཅན་བྱད་སྟིང་བར་བྱེད་སྨོད་པར་བྱེད་པར་འགྱུར་ཏེ། ཞེས་གསུངས་པ་ལྟ་བུ།
སྟེང་ན་ཞྭ་ལྟར་ལྡིང་བའི་ཡི་གེ་གསུམ། གི་གུ། འགྲེང་པོ། ན་རོ་དང་གསུམ། འོག་ན་གདན་ལྐར་མཛེས་པའི་ཡི་གེ་
གསུམ་ལ་
གཟིགས།
སྟེན་པ། ད་ལྟར་བ བསྟེན་པའི་ད་ལྟར་བ། བསྟེན་པ་ལ་གཟིགས།
སྟེ སྟེས་དབང་དང་འདྲ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*