www.dharmabook.ru tibetan OCR


275
མཚུངས་པས་དེའི་མིང་གིས་བཏགས། སྙིང་པོ་ཅ་ན་ནི་བདག་ཉིད་ཅ་ན། མདོར་ན། སྟོང་ཉིད་སྙིང་རྗེ་སྟེ་
བདེ་བ་ཆེན་པོའི་
བདག་ཉིད་ཅན་ཞེས་བྱ་བའི་དོན་ན་ནོ།
སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སམས། (4) མདོ་ལུགས སྟོང་ ཉིད་རྟོགས་པའི་ཤེས་རབ་དང་
སྙིང་ཇེ་
ཆེན་པོས་ཟིན་པའི་བྱང་ཆུབ་ཀྱི་སམས། (2) སྟོང་ཉིད་རྟོགས་པའི་ཤེས་རབ་དང་། སྙིང་རྗེའི་རང་
བཞིན་
ཅན་གྱི་བྱང་ཆུབ་ཀྱི་སེམས། (8) བཀའ་བརྒྱུད སེམས་ཅན་གྱི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་
བརྩེའི་གདངས་མ་འགགས་བཞིན་དུ། དེའི་ངོ་བོའམ་རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་སྟོང་ཉིད་དུ་
རིག་པ།
ཞེས་ཕྱག་ཆེན་ཟླ་བའི་འོད་ཟེར་ན་གསལ། མདོར་ན། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་རྣལ་འབྱོར་
རམ།
ཐབས་ཤེས་ཟུང་འཇུག་གི་རྡོ་ཇེའི་རྣལ་འབྱོར་ལ་ཟེར།
སྟོང་ཉིད་སྙིང་རྗེ་ཟུང་འཇུག (4) སྔགས སྟོང་ཉིད་སྙིང་རྗེ་དབྱེར་མེད་དང་དོན་འདྲ་། ༿ བཀའ་བརྒྱུད སྔགས
བདེ་སྟོང་ཟུང་འཇུག་དང་དོན་གཅིག བདེ་བ་ཆེན་པོ་ནི་རང་གཞན་གྱི་སྡུག་བསྔལ་འཇོམ་པའི་ཕྱིཕྱིར། པྱེད་
ལས་སྙིང་རྗེ་དང་ཆོས་མཚུངས་པས་སྙིང་རྗེ་ཞེས་མིང་གིས་བཏ་གས་པའོ། ཟུང་འཇུག་གི་སྙིང་རྗེ་དང་འདྲ།
(8) སེམས་ཅན་གྱི་སྡུག་བསྔལ་མི་བཟོད་པའི་སྙིང་བརྩེའི་གདངས་མ་འགགས་བཞིན་དུ། དེའི་ངོ་བོའམ་
རང་བཞིན་
ཅིར་ཡང་གྲུབ་པ་མེད་པའི་སྟོང་ཉིད་དུ་རིག་པ།
སྟོང་ཉིད་སྙིང་རྗེ་དབྱེར་མེད། དགེ་ལུགས སྔགས རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་མཆོག་ཏུ་མི་འགྱུར་
བའི་བདེ་
བ་ལ་བྱའོ། ཞེས་རྗེའི་སྔགས་རིམ་ཆེན་མོར་གས་ལ། གཞན་ཡང་རྗེའི་སྦས་དོན་ལྟ་བའི་མིག་
འབྱེད་ལས།
དེ་ལ་སྟོང་པ་ནི་དེ་ཁོ་ན་ཉིད་ཀྱི་ལྟ་བའམ། དེ་ཁོ་ན་ཉིད་དོ། སྙིང་རྗེ་ནི། མངོན་བརྗོད་ད་ང་
དྲིལ་བུ་པའི་ལུས་དཀྱིལ་ལ་ལས། བདེ་ཆེན་ཐུགས་ཇེའི་བདག་ཉིད་ཅན། ཞེས་གསུངས་པ་ལྟར་བདེ་བ་ཆེན་
པོའོ།
དེ་གཉིས་དབྱེར་མེད་དུ་སྤྱོད་པ་ལ་བྱང་ཆུབ་ཀྱི་སེམས་ཞེས་གསུངས་ཤིང་། ཞེས་གསུངས་པ་ལྟར་
རོ།
བཀའ་བརྒྱུད སྔགས བདེ་སྟོང་དབྱེར་མ་ད། སྟོང་ཉིད་སྙིང་རྗེ་ཟུང་འཇུག། ཐབས་ཤེས་ཟུང་འཇུག་
གི་
རྡོ་རྗེའི་རྣལ་འབྱོར་རྣམས་དོན་འདྲ།
སྟོང་ཉིད་བདུན་ཅུ་པའི་རང་འགྲལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད།
སྟོང་ཉིད་བདུན་ཅུ་པའི་འགྲེལ་པ། དཔལ་ལྡན་ཟླ་བ་གྲགས་པས་མཛད།
སྟོང་ཉིད་བདུན་ཅུ་པའི་རྣམ་བཤད། སློབ་དཔོན་གཞན་ལ་ཕན་པས་མཛད། གཞོན་ནུ་མཆོག་གི་འགྱུར།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*