www.dharmabook.ru tibetan OCR


276
སྟོང་ཉིད་ལ་བཞིར་དཔྱེ་བ། སྟོང་ཉིད་ལ་འབྲིང་དུ་ཕྱེ་ན། དངོས་པོ་སྟོང་པ་ཉིད། དངོས་པོ་མེད་པའི་སྟོང་པ་ཉིད།
རང་གི་ངོ་པོ་སྟོང་པ་ཉིད། གཞན་གྱི་ངོ་བོ་སྟོང་པ་ཉིད་དེ་བཞི།
སྟོང་སྟོང་པོ། སྟོང་པ་བས་ཀྱང་སྟོང་པ། ཐ་སྙད་འདི་ཕྱག་ཆེན་གྱི་ཁྲིད་ཡིག་རྣམས་སུ་འབྱུང
སྟོང་པ་ཁས་ལེན་བྲལ་བ། སྟོང་ཉིད་ཀྱི་མིང་སྟེ། ཁས་ལེན་བྲལ་བའི་སྟོང་ཉིད་དང་དོན་གཅིག། བརྟག་དོན་བཙལ་
བའི་ཆེ་ཁས་ལེན་ནམ་གང་དུ་ཡང་ངོས་བཟུང་དང་བྲལ་བས་དེ་སྐད་ཅེས་ཟེར། དཔེར་ན། རྗེའི་ལམ་གཙོ་
ལས།
སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། ཇི་སྲིད་སོ་སོར་
སྣང་བ་དེ་སྲིད་ད་དུ།
ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། ཅེས་གསུངས།
སྟོང་པ་ཉིད་། སྟོང་ཉིད་ད་ང་འདྲ། སྒྲ་བཤད་ནི། སྟོང་པ་ནི་མེད་པའམ་དབེན་པའི་དོན་ཡིན་ལ། གང་མེད་ན།
ཆོས་དང་གང་ཟག་གི་བདག་གཉིས་ས་སོ། ཉིད་ནི་ཁོ་ནའམ་ཙམ་ཞེས་པའི་དོན་། བད་ག་གཉིས་བཀག་ཙ་མ་
མ་མ་མེད་ཙ་མ་
ཞེས་བྱ་བའི་དོན་ནོ། སྤྱིར་སྟོང་པ་ཞེས་པ་མིན་པ་ལའང་འཇུག་སྟེ། དཔེར་ན་བུམ་པ་མིན་
པ་ལ་
བུམ་པས་སྟོང་ཞེས་པ་ལྟ་བུ།
སྟོང་པ་དང་བདག་མེད་གཉིས། སྟོང་བདག་མེད་གཉིས་དང་འདྲ།
སྟོང་པ་བཞི། སྔགས སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞི་སྟེ། སྣང་བ་དཀར་ལམ་པ། མཆེད་པ་དམར་
ལམ་པ།
ཉེར་ཐོབ་ནག་ལམ་པ། འོད་གསལ་དང་བཞི་ལ་ཟེར། ཡང་ན། སྟོང་པ། ཀུན་རྟོག་བརྒྱད་ཅུའི་
རླུང་
དང་བཅས་པས་སྟོང་པས་སྟོང་པ ཤིན་ཏུ་སྟོང་པ། སྣང་བ་ལུང་དང་བཅས་པས་སྟོང་པས་ཤིན་ཏུ་སྟོང་པ
སྟོང་པ་ཆེན་པོ། མཆེད་པ་ལུང་ད་ང་བཅས་པས་སྟོང་པས་སྟོང་པ་ཆེན་པོ ཐམས་ཅད་སྟོང་པ་ད་ང་བཞིའོ། རྗེའི་
རིམ་ལྔ་གསལ་སྒྲོན་ལྟར་བཀོད།
སྔགས་ཀྱི་སྐབས་སྟོང་པ་མདོ་ལུགས་ལྟར་ཡུལ་གཅིག་པུ་ལ་གོ་རྒྱུ་མིན་པར་
ཡུལ་ཅ་ན་ཤེས་པ་ལའང་གོ་བར་བྱའོ།
སྟོན་པ་རིན་པོ་ཆ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས།
སྟོང་པ་གསུམ། སྔགས སྣང་མཆེད་ཐོབ་གསུམ་སྟེ། སྣང་བ་དཀར་ལམ་པ། མཆེད་པ་དམར་ལམ་པ། ཉེར་ཐོབ་
ནག་ལམ་པ་དང་གསུམ། ཡང་ན། སྟོང་པ། ཤིན་ཏུ་སྟོང་པ། སྟོང་པ་ཆེན་པོ་དང་གསུམ་མོ།
རྗེའི་གསང་འདུས་སྨོན་ལམ་ལས། སྲོག་རྩོལ་བསྒོམས་པས་སྤྲིན་མིད་ནམ་མཁའ་ལ། ཟླ་ཉིའི་འོད་དང་
སྨག་གིས་ཁྱབ་འདྲ་ཡི།
སྟོང་པ་གསུམ་གྱི་སེམས་དབེན་སྐྱེ་བར་ཤོག ཅེས་གསུངས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*