www.dharmabook.ru tibetan OCR


ཕྱོགས་ཀྱིས་རྫི་བའི་ཕྱིར་ནུས་པ་ཆུང་ལ། སྟོབས་ནི་མི་མཐུན་ཕྱོགས་ཀྱིས་ནམ་ཡང་བརྫི་བར་མི་ནུས་པའི་
ཕྱིར་རོ།
(2) བློ་སྦྱོང་གི་སྐབས་སུ་གསུངས་པའི་སྟོབས་ལྔ་ནི། འཕེན་པའི་སྟོབས། དཀར་པོ་ས་བོན་གྱི་
སྟོབས།
སུན་འབྱིན་པའི་སྟོབས། སྨོན་ལམ་གྱི་སྟོབས། གོམས་པའི་སྟོབས་དང་ལྔའོ། དང་པོ་འཕེན་པའི་
སྟོབས་ནི།
ཉོན་མོང་ས་ཀྱི་དབང་དུ་སྐད་ཅིག་ཀྱང་མ་སོང་བ་བྱ་སྙམ་པའི་འཕེན་པ་དྲག་པ་བཏང་བ་དང་།
བྱང་ཆུབ་སེམས་གོམས་པར་བྱའོ། བྱང་ཆུབ་ཀྱི་སེམས་དང་ཡེ་མ་བྲལ་བར་བྱའོ་སྙམ་པའི་འཕེན་པ་དྲག་
པོ་གཏོང་བ་ལ་ཟེར། གཉིས་པ་དཀར་པོ་ས་བོན་གྱི་སྟོབས་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེ་
བ་ད་ང་།
སྐྱེས་པ་གནས་པ། གནས་པ་གོང་ནས་གོང་དུ་འཕེལ་བའི་རྒྱུར་སྦྱིན་སོགས་དཀར་པོའི་ཆོས་ལ་
བརྩོན་པ་ལ་ཟེར།
གསུམ་པ་སུན་འབྱིན་པའི་སྟོབས་ནི། ཉོན་མོངས་ཀྱི་ཉེས་དམིགས་དྲན་པར་བྱས་ནས་
དུས་
ནམ་དུའང་དེ་ད་ག་གི་དབང་དུ་མི་འགྲོ་བར་གོ་བགོ་བ་ལ་ཟེར། བཞི་པ་སྨོན་ལམ་གྱི་སྟོབས་ནི། གནས་
སྐབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་།
བདག་འཛིན་སོགས་ཉོན་མོངས་ཀྱི་དབང་དུ་
མི་འགྲོ་བའི་སྨོན་ལམ་དྲག་ཏུ་གདབ་
པ་ལ་ཟེར། རང་གཞན་གྱི་དགེ་རྩ་ཐམས་ཅ་ད་བྱང་ཆུབ་ཀྱི་སེམས་མ་
སྐྱེས་པ་སྐྱེ་བ།
སྐྱེས་པ་གནས་པ། གནས་པ་གོང་ནས་གོང་དུ་འཕེལ་བའི་རྒྱུར་བསྔོ་བ་ལ་ཟེར། ལྔ་པ་གོམས་
འི་སྟོབས་ནི། དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གོམས་པ་དང་མ་བྲལ་བ་ལ་ཟེར།
སྟོབས་བཞི། གཉེན་པོ་སྟོབས་ལ་གཟིགས།
སྟོབས་དྲུག ཞི་གནས་བསྒྲུབ་པའི་ཐབས་སུ་གྱུར་པའི་སྟོབས་དྲུག་ནི། ཐོས་པའི་སྟོབས། བསམ་པའི་སྟོབས། དྲན་
པའི་སྟོབས།
ཤེས་བཞིན་གྱི་སྟོབས། བརྩོན་འགྲུས་ཀྱི་སྟོབས། ཡོངས་སུ་འདྲིས་པའི་སྟོབས་དང་དྲུག་གོ།
དེ་དག་སོ་སོའི་དོན་རང་རང་གི་སྐབས་སུ་བལྟ་བར་བྱའོ།
བརྟགས་པ་མཐའ་བཟུང་། (4) དངོས་གནས་ལ་མ་གྲུབ་ཀྱང་བློས་ཚོད་དཔག་བྱས་ནས་བཞག་པའི་དོན་ལ་ཟེར།
(2) ཚོད་ཚོད་བྱས་ནས་འཆར་བ་ལས་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་ནུས་པའི་དོན།
བརྟད་པ། ༿གློ་བུར་བའི་དོན་ཏེ། དཔེར་ན། བརྟད་པ་ལས་བྱུང་བའི་སྤང་ལྟུང་ཞེས་པ་ལྟ་བུ། བརྟད་བྱུང་བགོ་སྔ་
དང་
བགོ་ཕྱིས་ཞེས་པ་ལྟ་བུ། ༿ ཕལ་སྐད་དུ ཚ་གི་ཚི་གི་ཞེས་པ་དང་དོན་འདྲ། མུར་བ་མུར་བ།
མགྱོགས་པོ་མགྱོགས་པོ། རིང་ས་པ་རིང་ས་པ། བྲེལ་བ། ད་པེར་ན། འདུལ་བ་ལུང་གཞིའི་རྒྱ་ཆེར་བཤད་པ་
ལས།
གཞོགས་སྟེགས་ཞེས་བྱ་བ་ནི་ཧ་ཅ་ང་བརྟད་པར་མི་འཇུག་ཅིང་བཅུན་སྤུ་མ་ཉམས་པར་འཇོ་སྒེག་དང་
ཀུན་
ཏུ་རྩེ་བ་ལ་སོགས་པ་ལུས་དང་ངག་གི་ལས་སོ། ཞེས་དང་། འཕྱར་གཡེང་ནི་ཞེས་བྱ་བ་ནི། ཤིན་ཏུ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*