www.dharmabook.ru tibetan OCR


བལྟོས་པའི་རིགས་པ། འབྲས་བུ་རྣམས་འབྱུང་བ་རྒྱུ་དང་རྐྱེན་ལ་བལྟོས་པའོ། འདི་ཡང་། ཀུན་རྫོབ་དང་དོན་
དམ་དང་དེ་དག་
པི་གཞི་རྣམས་སོ་སོའི་སྒོ་ནས་ཚོལ་བའོ། ལམ་རིམ་ཆེན་མོར་གས་ལ།
བསྟང་ མགོན་ནམ་གྲོགས་བྱེད་པའི་མིང་། མངོན་རྟོགས་རྒྱན་ལས། བསྟང་བས་ཡོངས་སུ་མ་བཟུང་དང་།
ཞེས་གསུངས་པ་ལྟར་རོ།
བསྟན་བཅོས། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་སངས་རྒྱས་ཀྱི་གསུང་རབ། སྒྲ་བཤད་ནི། སློབ་དཔོན་
གྱིས་ཆོས་
བསྟན་ནས་སློབ་མའི་བློ་བཅོས་པས་ན་བསྟན་བཅོས་ཞེས་བྱའོ། ཞེས་མཁས་པ་འགའ་གསུང་།
བསྟན་བཅོས་ཙོམ་པའི་རྒྱུ་ཕུན་སུམ་ཚོགས་པ་གསུམ། ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པ། ཡང་དག་
པར་རྫོགས་པའི་སང་ས་རྒྱས་ནས་བཟུང་སྟེ་དམ་པ་བར་མ་ཆད་པའི་མན་ང་ག་དང་ལྡན་པ།
ཡི་དམ་ལྷའི་
ཞལ་གཟིགས་ཤིང་གསུང་གི་གནང་བ་ཐོབ་པ་དང་གསུམ།
འདི་གསུམ་ནི་ཕྱུན་སུམ་ཚོགས་པའི་ཡན་ལག་
དང་དེ་གསུམ་ག་མ་ཆང་ཡང་དེ་གསུམ་རེ་རེས་ཀྱང་གཞུང་ཅོམ་པར་ནུས་པ་ཡིན་ནོ།
བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ། མདོ་སྔགས་ཀྱི་གནད་ཐམས་ཅ་ད་གང་ཟག་གཅིག་
འཆང་རྒྱ་བའི་ལམ་དུ་བསྡུས་ནས་ཉམས་སུ་ལེན་ཤེས་པ་ལ་ཟེར། དེའི་དོན་ལ། མཁས་པ་འགའ་ཞིག
ཤོའི་རྡེའུ་ཇི་ལྟར་འཕང་ཡང་གྲུབ་བཞི་ལམ་གྱིས་འབབ་པ་བཞིན། ཉམས་ལེན་གྱི་སྒོ་གང་ནས་བརྩམས་
ཀྱང་
བསྟན་པའི་གནད་ཐམས་ཅད་དེའི་ནང་དུ་ཁྲིག་ཁྲིག་འདུས་ནས་འོང་བ་ལ་བཞེད། ལ་ལ སྡེ་སྣོད་
གསུམ་དང་རྒྱུད་སྡེ་བཞི།
བསླབ་པ་གསུམ་ད་ང་སྔགས་ཀྱི་ལམ་སྟེ་ལུང་རྟོགས་ཀྱི་གྲུ་བཞི་བཞིར་བྱས་ནས་དེ་
ཐམས་ཅ་ད་
ཆང་བའི་དོན་དུ་བཞད། [ཇོ་ངག་དབང་བྱམས་པ ལམ་གྱི་གཙོ་བོ་རྣམ་པ་གསུམ་ད་ང་གསང་
སྔགས་དང་བཅས་པ་
ལ་ཟེར་ཏེ། ངེས་འབྱུང་བསམ་པ་རྣམ་དག་འཁོར་བཅ་ས་གྲུ་གཅིག། མན་ང་ག་བདུན་
དང་
བསླབ་བྱ་ཕར་ཕྱིན་ད་ང་པོ་ལྔ་དང་བཅ་ས་པ་གྲུ་གཅིག། ཤེས་རབ་ཀྱི་ཕར་ཕྱིན་མཐའ་བྲལ་ལྟ་བའི་སྐོར་
གྲུ་གཅིག། གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་གྲུ་གཅིག་ཏུ་འཇོག། རྗེའི་ལམ་རིམ་དང་བསྟོད་པ་དོན་ལྡན་
མའི་འགྲེལ་པ་
ལ་གཞི་བྱས། ལམ་རིམ་ཆེན་མོ་ལས། ད་བེ་བའི་བཤེས་གཉེན་སྟོན་པ་རིན་པོ་ཆེའི་ཞལ
་ནས་ཀྱང་།
བསྟན་པ་ཐམས་ཅ་ད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ང་འི་བླ་མ། [ཛོ་བོ་རྔི ཞེས་གསུང་ས་ཏེ།
ཚིག་འདི་དཔྱད་གཞི་ཤིན་ཏུ་ཆེ་བ་ཡིན་ན་ནོ། ཞེས་གསུངས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*