www.dharmabook.ru tibetan OCR


285
བསྟིང་ཚིག ༿ ཟུར་གྱིས་འཕྱ་བའི་ཚིག། འཕྱ་སྨོད་དམའ་འབེབ་ཀྱི་ཚིག། དཔེར་ན། རྒྱལ་མཆོག་ལྔ་པ་ཆེན་པོས།
དེང་དུས་སྒོ་གསུམ་མི་དགེའི་དོ་ར་ན། གྱ་གྱུའི་གར་མཁན་ཚུལ་འཆོས་གོས་གྱོན་པའི། ཆེར་རློམ་མང་
པོའི་
རྣམ་ཐར་འཁྱོག་པོའི་ཚིག མཐོང་ཚེ་དཔྱོད་ལྡན་ཕལ་ཆེར་བསྟིང་ཚིག་སྨྲ། ཞེས་གསུངས་པ་ལྟར་
རོ།
༿ སུན་འབྱིན་པའི་ཚིག། བསྟན་དར་ལྷ་ར་མས་པ་གསུང་།
བསྟེན་པ། འདས་མ་འོང་ (4) བསྙེན་པ། གང་ཞིག་ལ་བློ་ཉེ་ཞིང་དེའི་ཡོན་ཏན་འཐོབ་དོན་དུ་བརྩོན་པ། ད་པེར་ན།
བླ་མ་བསྟེན། ཞེས་པ་ལྟ་བུ། ཡང་ན། ཡོན་ཏན་སློབ་པའི་ཆེད་དུ་རེ་བ་ཞུ་བ། སྒྲ་བཤད་ནི། བསྙེན་པའམ་
བློ་ཐག་ཉེ་པོ་བྱེད་པས་ན་བསྟེན་པ་ཞེས་བྱའོ། དེབ་སྔོན་ལས། ཕྱི་ནས་རྗེ་བཅུ་ན་གཞོན་ནུ་བློ་གྲོས་ཀྱི་ཞབས་
དྲུང་དུ་ཡང་དག་པར་བསྙེན་ཏེ་སྡེ་སྣོད་ཕལ་མོ་ཆེ་དང་། ཞེས་གསུང་ས་པ་ལྟ་བུ། (2) ཉམས་སུ་མོང་བའམ་
སྤྱོད་པ།
དཔེར་ན། འཁྲིག་པ་བསྟེན། སྨན་བསྟེན། ཞེས་པ་ལྟ་བུ། འདུལ་བ་ལུང་ཕྲན་ཆེགས་ཀྱི་འགྲེལ་པ་
ལས།
བསྟེན་པར་བྱ་བ་ནི་ཉམས་སུ་མོང་བར་བྱ་བྱ་བའོ། ཞེས་གསུངས། (8) གཏུགས་པ། ད་པེར་ན། སྨན་
པ་བསྟེན།
ཞེས་པ་ལྟ་བུ། (4) སེམས་གནད་དུ་ཕབ་པ། དཔེར་ན། དྲན་ཤེས་བསྟེན་ལྟ་བུ།
བསྟེན་པར་བྱ་བ།
ཉམས་སུ་པྱོང་བར་བྱ་བ།
བསྟོད་ཆེན་བཞི། ཙདྲ་གོ་མིས་མཛད་པའི་འཇམ་ད་བྱང་ས་མཇིང་ཡོན་མའི་བསྟོད་པ། ཙ་དྲ་གོ་མིས་མཛད་པའི་
ཐུགས་རྗེ་ཆེན་པོ་
མཛུབ་ཀེར་གྱི་བསྟོད་པ། མཐོ་བཙུན་གྲུབ་རྗེས་མཛད་པའི་ཐུབ་དབང་གི་བསྟོད་པ་ལྷ་ལས་
ཕུལ་བྱུང་།
སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་སྒྲོལ་མའི་བསྟོད་པ་མེ་ཏོག་
ཕྲེང་འཛིན་
དང་བཞིའོ།
བསྟོད་ཚོགས། ཀླུ་སྒྲུབ་ཀྱི་བསྟོད་ཚོགས་དང་འདྲ།
ར་

ཐ་གུ
འི་ལྟོ། ཁྱབ་འཇུག་གི་མིང་སྟེ། བྱིས་པའི་དུས་ཐ་གུའི་སྐེ་རགས་བཅིང་ས་པས་ན་དེ་སྐད་ཅེས་བརྗོད་པའ་མ།
ཡང་ན། ཁྱབ་འཇུག་གི་ཆུང་མ་ལྷ་མོ་གྲགས་ཅན་མས་ཁྱབ་འཇུག་པི་མགོ་ལ་མེ་ཏོག་འཇོག་པར་འདོད་པ་
ལ་
མ་བསྙབས་ནས་ལྟོ་བ་ལ་བཞག་པས་མེ་ཏོག་ལྟོ་བར་བཏགས་སོ།
ཐ་སྙད། (1)མིང་། བད། (2) ཐ་སྙད་འདོགས་མཁན་གྱི་བློའམ་འདུ་ཤེས། བརྒྱད་སྟོང་པའི་ད་ཀའ་འགྲེལ་སྙིང་པོ་
མཆོག་ལས།
ཐ་སྙད་ནི་འདུ་ཤེས་ས་སོ། ཞེས་གསུངས་པ་ལྟར་རོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*