www.dharmabook.ru tibetan OCR


287
ཐ་སྙད་བཤིག་པའི་སྟོང་པ། རྟེན་འབྲེལ་བཤིག་པའི་སྟོང་པ་དང་དོན་འདྲ། རྟེན་འབྲེལ་བཤིག་པའི་སྟོང་པ་ལ་གཟིགས།
ཐ་མལ། (4) དཀྱུས་མ། ཕལ་པ། དམན་པ། (2) མ་བཅོས་པ། རང་བཞིན་པ།
ཐ་མལ་གྱི་སྣང་ཞེན། རང་དང་སྣོད་བཅུད་སོགས་ཐ་མལ་དུ་སྣང་ཞིང་དེར་ཞེན་པའི་། བསྐྱེད་རིམ་གྱི་ཐུན་མོང་
མ་ཡིན་པའི་སྤང་བྱའོ།
འདིའི་ཐ་མལ་པའི་སྣང་བ་ནི། དབང་པོའི་ཤེས་པ་ལ་སྣང་བའི་སྣོད་བཅུད་མིན་གྱི་
ཡིད་ཀྱི་ཤེས་པ་ལ་ཐ་མལ་གྱི་སྣོད་བཅུད་དུ་སྣང་བ་ཡིན་ལ། ཞེས་རྗེའི་སྔགས་རིམ་ཆེན་མོར་གསུངས་པ་
ལྟར་རོ།
ཐ་མལ་གྱི་ཤེས་པ། བཀའ་བརྒྱུད (4)བཀའ་བརྒྱུད་པའི་ཕྱག་ཆེན་གྱི་བརྡ་ཞིག མ་བཅོས་རང་བབས་སུ་བཞག་
འི་ཤེས་པ། ཐ་མལ་གྱི་ཤེས་པ་ཞེས་པའི་ཐ་མལ་ནི་དམན་པ་ལ་ཐ་མལ་གྱི་སྒྲ་སྦྱར་བའི་ཐ་མལ་མ་ཡིན་
པར།
བཅོས་བསླད་མེད་པར་རང་བབས་སུ་བཞག་པ་ལ་ཐ་མལ་དུ་བཞག་ཅེས་པ་དང་དོན་འདྲའོ། དེ་
ད་ང་འཁོར་འདས་
ཐམས་ཅད་ཀྱི་གཞིར་གྱུར་པའི་ཆོས་ཉིད་དེ་བཞིན་ཉིད། གདོད་མའི་མི་ཤིགས་པའི་ཐིག་
ལེ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཕྱིན་མ། ཕྱག་རྒྱ་ཆེན་། གཉུག་མའི་ཡེ་ཤེས། བདེ་བར་གཤེགས་པའི་
སྙིང་པོ་རྣམ
ས་མིང་གི་རྣམ་གྲངས་སུ་གསུངས་། སྒྲ་བཤད་ནི། མ་བཅོས་རང་བབས་སུ་བཞག་པའི་ཤེས་པ་
ཡིན་པས་ན་
ཐ་མལ་གྱི་ཤེས་པ་ཞེས་བྱའོ། (2) བློ་རང་དགའ་བ། བློ་ཕལ་པ།
ཐ་མལ་གྱི་ཤེས་པ་མངོན་དུ་བྱས། བཀའ་བརྒྱད དབུ་མའི་ལྟ་བ་རང་རྒྱུད་ལ་སྐྱེས་པ་ན། ཐ་མལ་གྱི་ཤེས་པ་
མངོན་དུ་མཛད་ཅེས་པ་ད་ང་།
ཆོས་སྐུ་མངོན་སུམ་དུ་བྱས། རྣམ་རྟོག་ཆོས་སྐུར་ཤར་ཞེས་ཐ་སྙད་མཛད་
ཐ་མལ་པ། ཐ་མལ་དང་འདྲ་།
ཐ་མལ་བ། ཐ་མལ་པ་དང་འདྲ།
ཐ་མལ་དུ་བཞག མ་བཅོས་པར་བཞག། རང་བབས་སུ་བཞག། རང་ལུགས་སུ་བཞག། རང་གར་བཞག། རང་
མལ་དུ་བཞག།
རང་སར་བཞག། སོར་བཞག། སོ་མར་བཞག། བཅོས་བསླད་མེད་པར་བཞག་པ། གློད་ལ་
བཞག།
ལྷུག་པར་བཞག། ཕལ་སྐད་དུ་རང་འཇགས་བཞག་ཅེས་པ་རྣམས་སྤྱིར་དོན་འདྲ།
ཐ་ཚིག (1)ཚིག་བི་དོན། (2)མིང་། ཚིག (8) དམ་བཅའི་ཚིག (4) རྩ་བ་ལའང་འཇུག་ཅེས་ཁ་ཅིག་ཟེར།
ཐགས་མཁན་གྱི་རྐང་སྟབས་བཞིན། རི་འཇོག་གི་དཔེ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*