www.dharmabook.ru tibetan OCR


290
ཐལ་གོང་། དབུང་མགོ། ཕྲག་པའམ། ཕྲག་གོང་།
ཐལ་གོང་རྒྱས་པ། དཔུང་མགོ་ཕན་ཚུན་གྱི་བར་རྒྱས་པ།
ཐལ་འགྱེར། ཐལ་བའམ་སྐྱོན་འཕེན་པའི་ང་ག། མདོའི་ཁུང་ས་ནི། སེན་རིང་ས་ཀྱིས་བཅོམ་ལྡན་འད་ས་ལ་བདག་
ནི་ཐམས་ཅ་ད་མི་བཟོད་དོ་
ཞེས་གསོལ་པ་ལ། བཅོམ་ལྡན་འདས་ཀྱིས། གང་མི་བཟོད་པ་དེ་ཡང་མི་བཟོད་
དད་མ།
ཞེས་པ་ལྟ་བུ།
ཐལ་འགྱེར་བའི་ཐུན་མོང་མ་ཡིན་པའི་དཀའ་གནད་བརྒྱད། ཀུན་གཞི་དང་། རང་རིག། རང་རྒྱུད་ཀྱི་རྟགས་
ཞལ་གྱིས་
མི་བཞེད་པ་གསུམ། ཕྱི་དོན་དང་། ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཡོད་པ།
ཆོས་ཀྱི་བདག་འཛིན་ཉོན་མོངས་སུ་འཇོག་པ། ཞིག་པ་ད་ངོས་པོ་ཡིན་པ། དེའི་རྒྱུ་མཆན་གྱིས་དུས་གསུམ་
གྱི་འཇོག་ཚུལ་ཐུན་མོང་མ་ཡིན་པ་
རྣམས་སོ། དཀའ་གནད་བརྒྱད་གྲངས་འདྲེན་ཚུལ་མི་འདྲ་བ་ཡོད་ཀྱང་
འདི་ནི་རྗེ་བཅུན་ཙོང་ཁ་པ་ཆེན་པོའི་འཇུག་པའི་རྣམ་བཤད་ཆེན་མོར་གསུང་ས་པ་ལྟར་བཀོད།
ཐལ་འགྱེར་བའི་ཐུན་མོང་མ་ཡིན་པའི་དཀའ་གནད་ཉྱི་། རང་རིག་འགོག་ལུགས་ཐུན་མོང་མ་ཡིན་པ།
སྔ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་རྩོད་གཞི་ཆོས་ཅ་ན་མཐུན་སྣང་དུ་གྲུབ་པའི་སྟེང་བསྒྲུབ་བྱ་སྒྲུབ་མི་དགོས་པས།
རྣམ་འགྲེལ་སོགས་ལས་བཤད་པའི་རང་རྒྱུད་ཀྱི་རྟགས་ཀྱི་རྟགས་སྦྱོར་མི་འདོད་ཅིང་། ཐལ་འགྱུར་བ་རང་
ལུགས་ལ་
གཞན་གྲགས་ཀྱི་གཏན་ཚིགས་རང་གྲགས་ཀྱི་གཏན་ཚིགས་ཟེར་བ་དོན་གཅིག་པས། གཞན་གྱི་
ཁས་
བླང་ལ་འཁྲིས་ནས་བསྒྲུབ་བྱ་སྒྲུབ་པའི་བྱོར་ང་ག་གམ་ཐལ་འགྱུར་ཏེ་དེ་རེས་ཀྱང་དེ་ཁོ་ན་ཉིད་གང་ཟག་
གི་བད་ག་མེད་ད་ང་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པའི་རྗེས་དཔག་བསྐྱེད་ནུས་སུ་བཞེད་པ། དོན་དམ་
དཔྱོད་པའི་རིགས་ངོར་
མི་དམིགས་ཤིང་ཐ་སྙད་དཔྱོད་པའི་བློ་ངོར་ཇི་ལྟར་བྱས་ཀྱང་ད་གག་མི་ནུས་པས་
བློས་ཕར་
བཏགས་ཙམ་གྱི་ཕྱི་དོན་ཡོད་པར་འདོད་པ། ཐེག་པ་གསུམ་པོ་ཐམས་ཅ་ད་ཀྱི་རང་རང་གི་
ཚོགས་ལམ་འབྲིང་ཐོབ་ནས་ཐལ་འགྱུར་བའི་ལུགས་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་ལྟ་བའི་ལྟ་བ་
རྒྱུ
ད་ལ་སྐྱེས་1ང་། རང་རང་གི་འཕགས་ལམ་ཐོབ་ནས་གང་ཟག་དང་ཆོས་གཉིས་རང་བཞིན་མེད་པ་སྟེ།
གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཅིག་ཅར་མངོན་དུ་བྱས་པ་ཞིག་འདོད་པ། བློ་ལ་མངོན་དུ
་བྱས་པ་ནི་མངོན་སུམ་
དུ་རྟོགས་པ་ལ་ཟེར། རང་རྒྱུད་པ་མན་གྱིས་མི་འདོད་ཀྱང་ཐལ་འགྱུར་བས་དུག་
གསུམ་ཆར་
གྱི་ངོ་བོ་བདེན་འཛིན་ཡིན་པས་ཉོན་མོངས་ཕྲ་མོ་དང་གྲུབ་མཐའ་འོག་མས་ཤེས་སྒྲིབ་ཏུ་འདོད་
པའི་བདེན་འཛིན་
གང་ཡིན་ཉོན་སྒྲིབ་ཏུ་འདོད་པ། ཞིག་པ་རྒྱུས་སྐྱེད་པས་ཞིག་པ་དངོས་པོར་འདོད་པ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*