www.dharmabook.ru tibetan OCR


དང་པོའི་མཁན་པོ། དབེ་ཚུལ་གྱི་མཁན་པོ། དཔེར་ན། མདོ་རྩ་བ་ལས། དང་པོའི་མཁན་པོ་ཉིད་ཀྱིས་བར་ཆད་
གྲིས་
ནས་ཡོངས་སུ་དག་པ་ལ་སྐབས་དབྱའོ། ཞེས་གསུང་ས་པ་ལྟ་བུའོ། སྒྲ་བཤད་ནི། དབེ་ཚུལ་གྱི་མཁན་
པོ་
ནི་བསྙེན་རྫོགས་ཀྱི་མཁན་པོ་ལ་བལྟོས་ཏེ་དང་པོ་ཡིན་པའི་ཕྱིར་དང་པོའི་མཁན་པོ་ཞེས་བྱའོ། འོ་ན་དེའི་
ཆེ་མཁན་པོར་གྱུར་མ་ཟིན་པས་མཁན་པོ་ཡིན་པ་འགལ་ལོ་སྙམ་ན། དེ་ནི་རྒྱུ་ལ་འབྲས་བུའི་མིང་གིས་
བཏགས་པས་སྐྱོན་མེད་ད་དེ། མཁན་པོ་བྱེད་པར་འགྱུར་བ་ལ་མཁན་པོ་ཞེས་བརྗོད་པ་བཞིན་ནོ་ཞེས་གསུང་ས།
དང་པོའི་མགོན་པོ། ༿ ལོངས་སྐུ། སྒྲ་བཤད་ནི། ད་ང་པོ་ནི་རྩ་བའི་དོན་ཡིན་པས་རིགས་ཐམས་ཅད་ཀྱི་སྤྲོ་
བསྡུའི་
རྩ་བར་གྱུར་པའི་སངས་རྒྱས་ཡིན་པས་དེ་སྐད་ཅེས་བྱ་སྟེ། མཁས་གྲུབ་རྗེའི་དུས་འཁོར་འགྲེལ་ཆེན་
ལས།
རིགས་ཐམས་ཅད་སྤྲོ་བ་པོ་དང་གང་དུ་སྡུད་པའི་རྩ་བར་གྱུར་པའི་སངས་རྒྱས་ཨིན་པའི་ཕྱིར། དང་
པོའི་སང་ས་རྒྱས་ཞེས་བྱའོ།
ཞེསགསུངས། ཡང་རྗེ་ཤེས་རབ་རྒྱ་མཚོས། འོག་མིན་དུ་དང་པོར་སང་ས་
རྒྱས་པས་དང་པོ་
མགོན་པོ་ཞེས་ཀྱང་བཤད། ༿རྒྱལ་བ་རྡོ་རྗེ་འཆང་། རྗེའི་འགྲེལ་པ་བཞི་སྦྲགས་ལས།
དངོས་གྲུབ་མཆོག་ནི་བདེ་ཆེན་གྱིས་འཐོབ་པའི། ཚུལ་འདི་བསྟན་ཕྱིར་རིག་མའི་མཆོག་ད་ང་ནི། མཉམ་
སྦྱོར་བླ
་མ་ད་ང་པོའི་མགོན་པོ་ཡི། ཞབས་ཀྱི་པདྨཱོར་སྤྱི་བོས་ཕྱག་འཚལ་ཏེ། ཞེས་གསུངས་པ་ལྟ་བུ། དང་
པོའི་སངས་རྒྱས་
དང་དོན་འདྲ་། དང་པོའི་སངས་རྒྱས་ལ་གཟིགས།
དང་པོའི་རྡོ་རྗེ། སངས་རྒྱས་ཐམས་ཅད་སངས་རྒྱ་བའི་ཐོག་མར་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་
པ་ཞིག་
འགྲུབ་པས་རྡོ་རྗེ་རྩེ་ལྔ་པ་དེ་ལ་དང་པོའི་རྡོ་རྗེ་ཞེས་རྣལ་འབྱོར་རྒྱུད་ལས་བཤད་། ཅེས་རྗེ་ཤེས་རབ་
རྒྱ་མཚོའི་
གསང་རྫོགས་ན་གསལ།
དང་པོའི་གནས། འདུལ་བ སྤྱི་ཁྱབ་ཀྱི་ལུས་ཀྱི་ཆ། སྒྲ་བཤད་ནི། ཁུ་བ་གྲོག་མར་གང་དུ་གནས་པའི་གཞི་ཡིན་
པས་ད་ང་པོའི་
གནས་ཞེས་བྱའོ།
དང་པོའི་གནས་ནས་འཕོས་པ།འདུལ་བ དང་པོའི་པ་ནས་ནི་སྤྱི་ཁྱབ་ཀྱི་ལུས་ཀྱི་ཆ་ལ་ཟེར། དེ་ནས་འཕོས་པ་ནི་
ཁུ་བ་
ལུས་ཀྱི་ཆ་དེ་དག་ལས་རིམ་གྱིས་རྩ་པུབས་སུ་འོངས་པ་ལ་ཟེར། ཁུ་བ་ནི་འབྲུ་དང་འབྲུ་མར་བཞིན་
དུ་ལུས་
ཀྱི་ཆ་ཐམས་ཅ་ད་ལ་ཁྱབ་སྟེ་གནས་པར་བཤད། ཁུ་བ་འཔྱིན་པའི་ལྷག་མ་འབྱུང་བ་ལ་ཁུ་བ་དབང་
པོའི་
ཕྱི་རོལ་ཏུ་ཕྱུང་དགོས་མི་དགོས་ཀྱི་དོགས་གཅོད་ཁུ་བ་འབྱིན་པའི་ལྷག་མལ་གཟིགས།
དང་པོའི་སྦྱོར་བ། (4) དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པ་པོ་གཙོ་བོ་ཡབ་ཡུམ་གྱི་ཏིང་ངེ་འཇིན་ལ་ཟེར། སྒྲ་བཤད་
ནི།
གང་གིས་སྤྲུལ་པའི་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་གི་ཐོག་མར་བྱུང་བས་ན་དང་པོ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*