www.dharmabook.ru tibetan OCR


སྣང་བྱུང་བ་ལ་ཟེར། དེ་གཉིས་ཀའང་བྱིང་བ་ཕྲ་མོ་ནས་བཅད་པའི་གསལ་ཆའི་ངར་བསྐྱེད་དེ་བསྐྱངས་པ་
ལས་འབྱུང་
བར་ལམ་རིམ་དུ་གསུངས།
དད་གུས། བླ་མ་དང་སྐྱབས་ཡུལ་སོགས་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་དད་པ་དང་། བཀྲིན་དྲན་པའི་སྒོ་ནས་གུས་
པའོ།
དད་པ། (1) གཞན་གྱི་ཡོན་ཏན་མཐོང་ནས་སེམས་ལ་སྤྲོ་སེམས་ཆེན་པོ་འཕེལ་བ་ལ་དད་པ་ཟེར། དེ་ཡང་གཙང་
པའི་
སྐད་དུ། ཇ་ལ་དགའ་བའི་མི་ལ་ཇ་ལ་དད་པོ་ཞེས་བརྗོད་པ་དང་། ཕྲུ་གུ་ཇ་དད་ཆེན་པོ་ཟེར་བ་ལྟ་བུས་
ཤེས་ནུས།
སྤྱིར་དད་པ་ལ་གསུམ་སྟ། དཀོན་མཆོག་གི་ཡོན་ཏན་མཐོང་ནས་སེམས་ལ་སྤྲོ་སེམས་འཕེལ་
བ་ལ་དང་བའི་དད་པ། དེ་ལ་ཡིད་ཆེས་བསྲེད་པ་ལ་ཡིད་ཆེས་ཀྱི་དད་པ། ཡོན་ཏན་དེ་དག་རང་གིས་ཀྱང་
ཐོབ་ན་སྙམ་
པ་ལ་མངོན་འདོད་ཀྱི་དད་པ་ཟེར་བ་ཡིན་ནོ། (2)མངོན་པ་ལས དགེ་བ་བཅུ་གཅིག་གི་དང་པོ་
ནི།
ལས་འབྲས་སོགས་ཇི་ལྟར་གནས་པ་དེ་ལྟར་ཡོད་སྙམ་དུ་ཡིད་ཆེས་པ་དང་། དང་བ་དང་མངོན་འདོད་
གང་རུང་
གི་རྣམ་པ་ཅན་གང་ཞིག བྱེད་ལས་མ་དད་པའི་དངོས་ཀྱི་གཉེན་པོ་བྱེད་པའི་སེམས་བྱུང་ངོ་།
དད་པ་འབུལ་པ། (4) འདུན་པ་འབུལ་བ་དང་དོན་འདྲ། (2) དད་པ་བྱེད་པ།
དད་སོགས་ཡུལ་ལྔ་ལ་མཁས་པ། དད་པ་ལ་མཁས་པ། བརྩོན་འགྲུས་ལ་མཁས་པ། དྲན་པ་ལ་
མཁས་པ།
ཏིང་ངེ་འཛིན་ལ་མཁས་པ། ཤེས་རབ་ལ་མཁས་པ་དང་ལྔའོ།
དམྦྷི། ལེགས་སྦྱར སོ་ལྡན་ཏེ་གླང་པོ་ཆེའི་མིང་།
དཎྜ། ལེགས་སྦྱར དབྱུག་པ།
དཎྜི། ལེགས་སྦྱར དབྱུག་པའམ་དབྱུག་པ་ཅན། ཞེས་འཕགས་བོད་སྐད་གཉིས་ཤན་སྦྱར་ན་གསལ།
དམ་ཅན་ཆོས་རྒྱལ། ཀཱ་ལ་ར་པ་ཡང་ཟར། སྐྱོ་ལུགས་པ་དག་རྒྱུད་དུ་བཞེད་པའི་ལོ་རྒྱུས་ཀྱི་རྟོགས་པ་ཞེས་བྱ་བ་
ལས།
བཅོམ་ལྡན་འདས་འཇམ་ད་པལ་ཤིན་ཏུ་ཁྲོས་པའི་འཇིགས་བྱེད་ཆེན་པོའི་སྐུར་སྤྲུལ་ཏེ། འཛམ་བུ་
གླིང་གི་ལྷོ་
ཕྱོགས་རིམ་པ་བདུན་གྱི་ར་འོག་ན། གཤིན་རྗེའི་གྲོང་ཁྱེར་ཆེན་པོ་ཡོད་པར་བྱོན་ནས། ལྕགས་
མཁར་སྒོ་མེད་བཅུ་དྲུག་
ཞབས་བཅུ་དྲུག་གིས་མནན་ཅིང་། གཤིན་རྗེ་འཁོར་བཅས་སྒྲག་པར་མཛད་པས།
རང་རང་གི་སྲོ་ག་གི་སྙིང་པོ་ཕུལ་ཞིང་། དམ་ལ་བཞག་ནས་བཀའ་བསྒོས་ཏེ། འཇམ་དཔལ་གཤིན་རྗེ་
གཤེད་ཀྱི་
འཕྲིན་ལས་ཐམས་ཅ་ད་ཚུལ་བཞིན་དུ་བསྒྲུབ་པའི་སྲུང་མར་གསུང་ས་ལ། གཙུག་ཏོར་རྣམ་རྒྱལ་
གྱི་རྟོག
ས་པ་ལ་སོགས་པ་དུ་མ་ལས་ཀྱང་། སྟོན་པ་ཤཱ་ཀྱ་ཐུབ་པ་རང་ཉིད་ཀྱི་སྤྱན་སྔར་ཡང་བསྟན་པ་བསྲུང་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*