www.dharmabook.ru tibetan OCR


འཛིན་གྱི་སྒོར་ཞུགས་ནས་དེའི་བཅ་ས་པ་ནི་ཤིན་ཏུ་གཉན་པས་ས་མ་ཡ་ཞེས་པ་ནམ་ཡང་མི་འདའ་བར་བྱ་
བས་ན་དམ་ཚིག་
ཅེས་བརྗོད་དེ། དེས་ན་སྔགས་ཀྱི་སྡོམ་པ་ད་ང་དམ་ཚིག་གནད་གཅིག་ཀྱང་གཙོ་བོར་དམ་
ཚིག་
ཅེས་གྲགས་པ་ཡིན་ནོ། ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་ལྟར་བཀོད།
དམ་ཚིག་གི་བཟླས་པ། ད་མ་ཚིག་གི་བཟླས་པའམ་སྤྲོ་བསྡུའི་བཟླས་པ་ནི། ཐུགས་གའི་ས་བོན་ལས་རླུང་འབྱུང་བ་
ན་ལྷ་རྣམས་སྤྲོས། འགྲོ་དོན་བྱས་ནས། རླུང་འཇུག་པ་ན་སླར་ས་པོན་ལ་བསྡུ་ཞིང་དེའང་སྔགས་མགོ་བརྗོད་
8 པ་ན་སྤྲོ་བ་དང་བརྗོད་པ་རྫོགས་པ་ན་བསྡུ་བའོ།
དམ་ཚིག་སེམས་དཔའ། རང་ཉིད་ཡི་ད་མ་གྱི་ལྷར་གསལ་བཏབ་པའི་ཡི་དམ་གྱི་ལྷ་དེ་ལ་དམ་ཚིག་སེམས་དཔའ།
8 ཡ་ང་ན་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་འམ། སྤྲུལ་སྐུ་རྡོ་རྗེ་འཆང་ལ་དམ་ཚིག་སེམས་དཔའ་ཞེས་བྱའོ། དེའི་
རྒྱུ་མཆན་ན་ནི།
ད་མ་ཚིག་གི་སྐད་དོད་ས་མ་ཡ་ལ་ངེས་ཚིག་གིས་བཤད་པས། ས་མ་ཏི་ཡང་དག་པར་འགྲོ་
བ་ད་ང་། མ་ལི་ཏི་འདུ་བ་ལ་འཇུག་པས་ཡེ་ཤེས་པ་རྣམས་ཡང་དག་པར་འགྲོ་བ་དང་འདུ་བའི་གནས་ཡིན་
པས་
དམ་ཚིག སེམས་ཅ་ན་གྱི་དོན་ལ་སེམས་པས་སེམས་དཔའ། ཡང་ན་རྣམ་པར་དག་པའི་སེམས་ཅ་ན་
8 གྱི་ཐ་སྙད་གདགས་བར་བྱ་བ་ཡིན་པས་ན་སེམས་དཔའ་ཞེས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཏེ། མན་སྙེ་
ལས།
ཡེ་ཤེས་སེམས་དཔའ་ཡང་དག་པར་འགྲོའོ་འདུའོ་ཞེས་པ་དམ་ཚིག་གོ། ཞེས་དང་། སེམས་ཅ་ན་
གྱི་དོན་བྱེད་པ་
ཉིད་ཀྱི་ཕྱིར་དང་། རྣམ་པར་དག་པའི་སེམས་ཅ་ན་གྱི་ཐ་སྙད་ཀྱི་ཡུལ་ཉིད་ཀྱི་ཕྱིར་རོ། ཞེས་
གསུངས་པའི་ཕྱིར།
ཞེས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཆན་གྱི་དཔལ་གསང་བ་འདུས་པའི་བསྐྱེད་རིམ་
གྱི་རྣམ་བཤད་དངོས་གྲུབ་རྒྱ་མཚོའི་སྙིང་པོ་ལས་གསུང་ས་པ་གཞི་བྱས་ཏེ་བཀོད། བཀའ་བརྒྱུད ད་མ་ཚིག་
གི་སྐད་དོད་ས་མ་ཡ་
མི་འདའ་བའི་དོན་ཏེ། དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་ལས་མི་འདའ་བར་སངས་
རྒྱས་
ཀྱི་མཛད་པ་ལ་སྤྱོད་པའ་མ། རྟག་ཏུ་བྱང་ཆུབ་སེམས་ཀྱི་དམ་ཚིག་སེམས་ཅ་ན་ཐམས་ཅ་ད་ཀྱི་དོན་བྱེད་
པ་
ལ་སྤྱོད་པའི་ཕྱིར་དམ་ཚིག་སེམས་དཔར་བརྗོད་པར་བྱའོ། ཞེས་གསལ།
དར་གྱི་ཆས་གོས་ལྔ། རྙངམ (4) དར་དཀར་པོའི་སྟོད་ག་ཡོག ཁ་དོག་སྣ་ཚོགས་པའི་སྨད་དཀྲིས།
ཅོད་པན། ཟི་ལྡིར། ད་ར་མཐིང་ཁྲའི་ཅོད་པན་ལྐག་པ་ནས་ཕྱིར་འཕྱང་བ། གར་གྱི་ཕུ་དུང་དང་ལྔའོ།
བྲིས་ཆ་ཆིང་པ་རྣམས་སུ་འབྱུང་བའི་སྟོད་ཁེབས་ལྐ་བུ་ལ་ཕུ་དུང་ཐུང་བུ་ཡོད་པའོ། (2) ཟི་ལྡིར། ཅོད་པན།
གར་གྱི་ཕུ་དུང་། གསང་ཁེབས། ཚི་གུའི་སྨད་དཀྲིས་རྣམས་སོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*