www.dharmabook.ru tibetan OCR


34
ད་ལ་འགྲོ་མ། འབབ་ཆུའི་མིང་། ད་པེར་ན། རྗེ་གུང་ཐང་པས། གཟུར་གནས་རིག་པར་ལྡན་པ་དེས། གཞན་གྱི་
ཡོན་ཏན་ལེན་
པར་བྱེད། སྤང་ལྗོངས་གཙ་ང་མའི་ད་ལ་འགྲོ་མ། ལྷུང་ལྷུང་ཟེར་ཞིང་མེ་ཏོག་འཐུ། ཞེས་
གསུང་ས་པ་ལྟར་རོ།

དུ། (1) ལ་དོན་གྱི་སྒྲ (2) ག་ཚོད། དཔེར་ན། རྟེན་འབྲེལ་ཡག་ལ་ག་བཅུ་གཉིས་ཆེ་དུ་ལ་རྫོགས་པ་ཞེས་པ་ལྟ་བུ་
དང་།
དུ་ཞིག་ཅེས་པ་ལྟ་བུ་རྣམས་སོ། (3)དུ་མའི་བསྡུས་ཚིག། གཅིག་དུ་བྲལ་ཞེས་པ་ལྟ་བུ།
དུ་ཀྭུ་ལའི་གོས། ཕྱི་གསལ་ནང་གསལ་གྱི་ལྷ་ཡི་གོས་ཡང་ཞིང་སྲབ་པ་ཞིག་ལ་བཤད།
དུ་གུ་ལའི་གོས། འདུལ་བ རྩྭ་ལས་བྱས་པའི་གོས་ཀྱི་རིགས་ཤིག་ལ་ཟེར་ཏེ། རྩྭའི་རྣམ་པ་ལས་བྱས་པའི་གོས་ནི་
དུ་གུ་ལའི་གོས་
ཡིན་ཏེ། གཙ་ང་བ་ད་ང་ཡང་བ་བགོས་ན་རང་གི་འདོད་པའི་ལྷ་མཆོད་པ་སྒྲུབ་པར་བྱེད་པ་
དེའི་ཕྱིར་དེ་ཡང་མལ་གྱི་གམ་དུ་གཞག་པར་འོས་པ་རིགས་པ་ཡིན་གྱི་ཆེན་པོ་ལ་འོས་པ་མ་ཡིན་ནོ།
ཞེས་འདུལ་བ་ལུང་ཕྲན་ཆེགས་ཀྱི་འགྲེལ་པ་ལས་གསུངས། ཆོས་གོས་ཀྱི་རྒྱུར་རུང་བའི་གོས་བདུན་གྱི་ནང་
དུའང་།
དུ་གུ་ལའི་གོས་ཞེས་སྣང་སྟེ། བལ་གོས། ཤ་ནའི་གོས། ཟར་མའི་གོས། དུ་གུ་ལའི་གོས། རས་
བལ་གྱི་གོས།
ཀོ་དམ་པའི་གོས། ཉི་འོག་གི་གོས་ཞེས་འདུལ་བ་ལུང་རྣམ་འབྱེད་ལས་གསུངས།
དུག་གསུམ། འདོད་ཆགས། ཞེ་སྡང་། གཏི་མུག་དང་གསུམ། སྒྲ་བཤད་ནི། དུག་གིས་རང་གཞན་སྡུག་བསྔལ་ལ་
སྦྱོར་
བ་ད་ང་མཐར་སྲོག་གཅོད་པར་བྱེད་པ་དེ་བཞིན་དུ་འདིས་ཀྱང་རང་གཞན་ཀུན་སྡུག་བསྔལ་ལ་སྦྱོར་བ་
དང་
ཐར་པའི་སྲོག་རྩ་གཅོད་པར་བྱེད་པས་དེ་ལྟར་དུ་བཏགས་སོ།
དུང་དཀར་གཡས་འཁྱིལ། བཀྲ་ཤིས་རྟགས་བརྒྱད་ཀྱི་ཡ་གྱལ་ཞིག་སྟ། རིནཔོ་ཆེའི་བྱེ་བྲག་ཅིག། གང་ན་ཡོད་པ་
དེར་
ད་པལ་ད་ང་འཔྱོར་བ་ལ་རྟག་ཏུ་གནས་པར་འགྱུར་རོ། ཞེས་རྒྱ་གར་གྱི་སློབ་དཔོན་ཚུལ་ཁྲིམས་
བསྐྱངས་
གསུང་། གཡས་སུ་འཁྱིལ་བ་ཡང་ཟེར།
དུང་ཆེན། འདི་ལ་རག་དུང་ཡང་ཟེར། རག་ལས་བཟོས་པའི་དུང་ཆེན་པོ་དེང་སང་དགོན་པ་ཁག་གིས་བེད་སྤྱོད་
བྱེད་པ་དའོ།
འདི་ལྕགས་ཕོ་འབྲུག་ ལོར་ཇོ་བོ་རྗེ་བོད་དུ་བྱོན་སྐབས་ཕེབས་བསུའི་སླད་ཆེད་
མངགས་ཀྱིས་
སྔར་མེད་གསར་དུ་བཟོས་པར་བཤད་དེ། ཞྭ་སྒབ་པས། ཇོ་བོ་རྗེ་སྟོན་འཁོར་རྣམས་ལ་ལྷ་
བཅུན་
བྱང་ཆུབ་འོད་ཀྱིས་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅ་ས་ལྕགས་ཕོ་འབྲུག་ ལོར། ཞང་
ཞུང་
མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ཕྱག་ཕེབས། ད་ལྟ་བོད་པ་ཚོས་རག་དུང་རིང་པོ་གཏོང་བ་འདི་དེ་དུས་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*