www.dharmabook.ru tibetan OCR


བཀྲ་ཤིས་ཚལ། ལྷོ་ནུབ་ཏུ་མུན་པ་དྲག་པོ། ནུབ་བྱང་དུ་ཀི་ལི་ཀི་ལིའི་སྒྲ་སྒྲོག་པ་རྣམས་སོ། དུར་ཁྲོད་ཀྱིས་
བདག་
མེད་པ་མཚོན་པར་གསུང་།
དུས་ཀྱི་འཁོར་ལོའི་མཚན་གྱི་རྣམ་གྲང་ དུས་ཀྱི་འཁོར་ལོ། ཐོག་མའི་མགོན་པོ། དང་པོའི་སངས་རྒྱས།
གདོད་མའི་མགོན་པོ། རིགས་མེད་པ། རྣམ་ཀུན་མཆོག་ལྡན། གཉིས་མེད་སྟོན་པ། བཞི་ལྡན་པ། ཤེས་
ལྡན།
ཤེས་བྱའི་བདག་ཉིད་མ་ཆོ་ག། འཕོ་མིད། བདེན་དོན་རྣམ་པ་བཅུ་གཉིས་ཅན། ཕྱི་ནང་གཞན་གསུམ་
བདག་ཉིད་ཅན། དཔལ་ལྡན་སྒུ་སྐར་དཀྱིལ་འཁོར་གཙོ་བོ་རྣམས་སོ།
དུས་ཀྱི་ཆོས་དང་ལྡན་པར་གྱུར་པ། འཆི་བ། ཤི་བ། སྒྲ་བཤད་ནི། དུས་ནི་འཆི་བའི་དུས་དང་། ཆོས་ཞེས་བྱ་
བ་ནི་ངོ་བོ་ཉིད་དེ།
འཆི་བའི་ངོ་བོའམ་འཆི་བ་དང་ལྡན་པ་ཞེས་བྱ་བའི་དོན། འདུལ་བ་གཞིའི་རྒྱ་ཆེར་
འགྲེལ་དང་།
ལུང་ཕྲན་ཆེགས་ཀྱི་འགྲེལ་པར་གཞི་བྱས། ཤི་བ་ལ་མིང་གི་རྣམ་གྲངས་ཤིན་ཏུ་མང་། ཤི་བ་
ཞེས་པའི་ཐ
ད་དུ་གཟིགས།
དུས་ཀྱི་སྦྲང་ཆར། དུས་སུ་འབབ་པའི་སྦྲ་རྩི་ལྟ་བུའི་ཆར་བསིལ།
དུས་ཀྱི་གསོ་སྦྱོང་། དུས་དྲན་གསོ་སྦྱོང་དང་འདྲ།
དུས་གཅིག མདོ་རྒྱུད་རྣམས་སུ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པའི་དུས་གཅིག་གི་དོན་ལ་
གསུམ་ལས། ད་ང་པོ་ནི། དུས་གཅིག་གི་ཆེ་ན་རྒྱུད་འདི་ཐོས་ལ་གཞན་དུ་ནི་རྒྱུད་གཞན་དག་ཐོས་པའོ།
ཞེས་པ་འདིས་ནི་སྡུད་པ་པོ་བདག་ཉིད་ཐོས་པ་མང་བར་བསྟན། ཡང་ན་ལན་ཅིག་གི་ཆེ་འདི་ཐོས་ཀྱི་དུས་
གཞན་དུ་ནི་
འདི་མ་ཐོས་པའོ། ཞེས་པ་འདིས་ནི་རྒྱུད་རྙེད་པར་དཀའ་བར་བསྟན། ཡ་ང་ན་དུས་གཅིག་སྟེ།
སྐད་ཅིག་མ་གཅིག་ལ་འདི་ཐོས་པའོ་ཞེས་པ་སྟེ། འདིས་ནི། སྡུད་པ་པོ་ཤེས་རབ་ཕུལ་དུ་བྱུང་བ་ཡིན་པར་
རབ་ཏུ་སྟོན་ནོ། རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས་ཏེ་བཀོད།
དུས་གཏོར། དུས་ཉེར་དགུ་ལྟ་བུ་ལ་ཟོར་དུ་འཕངས་པ་ལ་གདབ་གཏོར་རམ་སྡེབ་གཏོར་ཟེར།
དུས་མཐའི་སྐད་ཅིག་མ། དུས་ཀྱི་ཐུང་བའི་མཐར་ཐུག་པ། (4) དགེ་ལུགས སྐྱེས་བུ་དར་མ་ཞིག་གིས་སེ་གོལ་
གཅིག་གཏོགས་པའི་ཡུན་
ཚོད་ལ་ཆ་དྲུག་ཅུ་རྩ་ལྔར་ཕྱེ་བའི་ཆ་གཅིག་ལ་ཟེར། འདི་ཆོས་མངོན་པའི་གཞུང་
དང་མཐུན་པར་
རྒྱ་གར་གྱི་སློབ་དཔོན་ཨ་བྷ་ཡ་ཀ་རའི་ཐུབ་པའི་དགོང་ས་རྒྱན་དུའང་དེ་བཞིན་དུ་གསལ། (2)
བཀའ་རྙིང སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ལ་སྐད་ཅིག་མ་དྲུག་ཅུ་རྩ་བཞི་འདའ་བས་
དེའི་
ཆ་གཅིག་ལ་བཞེད།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*