www.dharmabook.ru tibetan OCR


321
ཐིག་ལེ་ཕྲ་མོ་བསྒོམ་པའི་དེ་ཉིད་། ཡིད་བཟླས་ཀྱི་དེ་ཉིད། ང་ག་བཟླས་ཀྱི་དེ་ཉིད། གཙོ་བོ་
འོད་
གསལ་དུ་ཞུགས་པའི་དེ་ཉིད། འོད་གསལ་ལས་ལྡང་བའི་དེ་ཉིད། མཆོད་བསྟོད་ཀྱི་དེ་
ཉིད།
ཉེར་བསྡུའི་དེ་ཉིད། ཁ་ཟས་ཀྱི་དེ་ཉིད། ལུས་བརྟས་པར་བྱེད་པའི་དེ་ཉིད།
དངོས་གྲུབ་ཆུང་ངུ་ཞི་རྒྱས་དབང་དྲག་གི་ལས་བཞི་བསྒྲུབ་པའི་དེ་ཉིད། དངོས་གྲུབ་འགྲིང་གྲུབ་པ་ཆེན་
པོ་བརྒྱད་
བསྒྲུབ་པའི་དེ་ཉིད་དང་ཞེ་དགུའོ། འདི་ཡན་དེ་ཉིད་བཅུ་གཉིས་ནི་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ནོ།
ད་ངོས་གྲུབ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ནི་གསང་འདུས་རྫོགས་རིམ་ཡོངས་རྫོགས་ལ་བྱེད་པ་ཡིན། ཞེས་ཀློང་
རྡོལ་བླ་
མ་གསུང་།
དེ་ཉིད་བཞི། བྱ་རྒྱུད་ཀྱི་བསྙེན་པའི་དེ་ཉིད་བཞི་ནི། བདག་གི་དེ་ཁོ་ན་ཉིད། ལྷའི་དེ་ཁོ་ན་ཉིད། བཟླས་པའི་དེ་ཁོ་ན་
ཉིད།
བསམ་གཏན་གྱི་དེ་ཁོ་ན་ཉིད་དང་བཞི།
དེ་ཉིད་གསུ དེ་ཉིད་དམ་བསམ་གཏན་གསུམ་ནི། བྱ་རྒྱུད་ཀྱི་བསམ་གཏན་གྱི་དེ་ཉིད་ཀྱི་ནང་གསེས་ཤིག་སྟེ།
མེར་གནས་ཀྱི་དེ་ཉིད། སྒྲ་གནས་ཀྱི་དེ་ཉིད། སྒྲ་མཐས་ཐར་པ་སྟེར་བའི་བསམ་གཏན་དང་གསུམ།
དེ་ལྟ་བུ་བྱུང་བའི་སྡེ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བདུན་པ་དེ་ལྟ་བུ་བྱུང་བའི་སྡེ་ནི། མཆིམས་མཛོད་ལས།
སྔོན་གྱི་གཏམ་རྒྱུད་ཀྱི་སྦྱོར་བ་དང་ལྡན་པར་གསུང་ས་པ་དེ་ལྟ་བུ་བྱུང་བའི་སྡེ་དང་། ཞེས་གསུང་ས།
དེ་དེ། (1)དེ་དང་དེའི་བསྡུས་ཚིག་སྟེ། ངེས་བཟུང་གི་སྒྲ་ཞིག། དཔེར་ན་མི་དེ་དང་དེ་ཞེས་པ་ལྟ་བུ། (8)དེ་ནི་
དའོ།
མེ་ནི་མའོ་ཞེས་པ་ལྟ་བུ། ཞིས་མཁས་པ་འགའ་གསུང་།
དེ་དེ་བཞིན་ནོ། ཡོངས་སུ་མགུ་བའི་ཚིག་སྟེ། དེ་དེ་ག་རང་རེད་ཅེས་པའི་དོན། བརྒྱད་སྟོང་པའི་འགྲེལ་པ་གནད་
ཀྱི་ཟླ་
འོད་ལ་གཞི་བྱས།
དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། དེ་དེ་ག་རང་རེད། ཅེས་ལན་གཉིས་སྨྲས་པའི་ཚིག་གོ། གུས་པར་མཛད་པའི་སླད་
དུ་ལན་གཉིས་སུ་བཟླས་ས་སོ།
ལུང་གཞིའི་འགྲེལ་པར་གཞི་བྱས་ཏེ་བཀོད།
དེ་དྲང་བའི་ཚུལ་གྱི བྱ་བའི་བྱེ་བྲག་དེ་ལྟ་བུས་སོ་ཞེས་པའི་དོན།
དེ་བ་ཤརྨ། (1)དབུ་མ་རྩ་བ་ཤེས་རབ་ལ་རྒྱ་འགྲེལ་གྲགས་ཆི་བ་བརྒྱད་ཡོད་པའི་ནང་གསེས་ཏེ། རྒྱ་གར་གྱི་སློབ་
དཔོན་
ལྷའི་དགེ་སྦྱོང་ངམ། དགེ་བའི་ལྷས་མཛད། (2)རྒྱ་གར་གྱི་སློབ་དཔོན་ལྷའི་དགི་སྦྱོང་ངང་མ། དགེ་བའི་
ལྷའོ།
འདི་བོད་དུ་མ་འགྱུར། རྩ་ཤིའི་རྒྱ་འགྲེལ་གྲགས་ཆེན་བརྒྱད་ལ་གཟིགས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*