www.dharmabook.ru tibetan OCR


322
322
དེ་ཆེ། (4) ཚི་སྐབས། (2) རྒྱུ་མཆན། དེ་ལ་འཇུག་པ་ནི། རྟེན་འབྲེལ་བསྟོད་པ་ལས། དེ་ཆེ་བློ་དང་ལྡན་པ་
ཡིས།
རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ། ཞེས་གསུང་ས་པ་ལྟར། དེ་ཆེ་སྟེ་རྒྱུ་མཆན་དེའི་ཕྱིར། ཞེས་
པའི་དོན་ནོ།

དེ་ཝི་།་ཊ། ལགས་སྦྱར ལྷ་མོའི་རྫོང་སྟེ་ཤར་ཕྱོགས་བེ་རེདྲའི་ས་ཕྱོགས་གྲོ་མོའི་ལྷོ་ཐད་ན་གྲོང་ཁྱེར་པཉ་པ་ཞེས་བྱ་
བ་
རྒྱང་གྲགས་བཞི་འདས་པ་ན་རྡོའི་ཆོས་འབྱུང་མིག་འདྲ་བས་མཆན་པ་དང་དེ་ཝི་ཀོ་ཊའི་ལྷ་ཁང་ཡོད་པ་
དེ་ལ་ཟེར།
དེ་བཞིན་ཉིད། སྟོང་པ་ཉིད་ཀྱི་མིང་། སྒྲ་བཤད་ནི། གནས་སྐབས་ཀུན་ཏུ་བདག་གཉིས་རྣམ་པར་བཅད་ཙ་མ་དེ་
བཞིན་དུ་གནས་ཀྱི་དེ་ལས་གཞན་དུ་མི་འགྱུར་བས་དེ་སྐད་ཅེས་བྱའོ།
དེ་བཞིན་ཉིད་ལས་བྱང་ཆུབ་པ། བསྐྱེད་རིམ་པའི་འཆི་བ་ཆོས་སྐྱུའི་ལམ་འཁྱེར། འཆི་བ་ཆོས་སྐུའི་ལམ་འཁྱེར།
ལྷག་མོས་འོད་གསལ་དུ་སྡུད་པའི་དེ་ཉིད། དོན་དམ་པའི་དཀྱིལ་འཁོར་རྣམས་དོན་འདྲ། རྗེའི་གསང་
འདུས་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་ལ་གཞི་བྱས་ཏེ་བཀོད།
དེ་བཞིན་གཤེགས་པ། «ཏ་ཐ་ག་ཏྲ» (4) [དགེ་ལུགས སངས་རྒྱས། སྒྲ་བཤད་ནི། གནས་ལུགས་དེ་ཁོ་ན་ཉིད་ལ་
དེ་བཞིན་ཞེས་བྱ་ལ།
དེ་ཐུགས་སུ་ཆུད་པའི་ཕྱིར་གཤེགས་པ་ཞེས་བྱ་བའམ། རྒྱ་གར་མཁས་པ མྱ་ངན་ལས་
འདས་པ་ནི་མི་
བསླུ་བའི་ཕྱིར་དེ་བཞིན་ཞེས་བྱ་ལ། དེ་ཐུགས་སུ་ཆུད་པའི་ཕྱིར་གཤེགས་པ་ཞེས་བྱའོ། རྒྱ་
གར་གྱི་སློབ་དཔོན་སྤྱན་རས་
གཟིགས་བརྟུལ་ཞུགས་དང་། སློབ་ད་པོན་ལེགས་ལྡན་འབྱེད་སོགས་ཀྱི་གསུང་
ལ་གཞི་བྱས་ཏེ་བཀོད།
དེ་བཞིན་གཤེགས་པ་ལ་འགྲེལ་ཚུལ་གཞན་ཡ་ང་མང་དུ་བཤད་དོ། (2) བཀའ་
བརྒྱུད
ཆོས་སྐུ་དེ་བཞིན་ཉིད་དུ་གཤེགས་ཤིང་། གཟུགས་སྐུ་དེ་བཞིད་ཉིད་ལས་སླར་ཡ་ང་གཤེགས་པས་དེ་
བཞིན་གཤེགས་པའོ།

དེ་བཞིན་གཤེགས་པའི་སྙིང་པོ། སེམས་ཅན་གྱི་རྒྱུད་ཀྱི་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་ཉིད་། སྒྲ་བཤད་ནི།
དེ་བཞིན་གཤེགས་པའི་སྙིང་པོ་སྟེ་རྒྱུ་ཡིན་པས་དེ་སྐད་ཅེས་བྱ། འདིའི་རྒྱུ་ཞེས་པ་སྐྱེད་བྱེད་ལ་མི་གོ་བར་
སྐབས་རེར་སྟོང་ཉིད་རྒྱུའི་ཐ་སྙད་བྱས་པ་ལྟར་གོ་བར་བྱའོ།
དེ་བཞིན་གཤེགས་པའི་དྲིལ་བུ། ཆུ་སྲིན་གྱི་ཁའི་མུ་ཏིག་ཕྲེང་བ་གཉིས་ཀྱི་བར་དུ། འཁོར་ལོ། རིན་པོ་ཆེ། པད།
རལ་གྲིའི་ཕྲེང་བས་བསྐོར་བའི་དྲིལ་བུ་རྩེ་མོ་ལྔ་པ་ལ་དེ་བཞིན་གཤེགས་པའི་དྲིལ་བུ་ཟེར། དེ་ལ་དབྱེ་ན།
ཆུ་སྲིན་གྱི་ཁའི་མུ་ཏིག་ཕྲེང་བ་གཉིས་ཀྱི་བར་དུ། འཁོར་ལོ་གཅིག་པུས་བསྐོར་བ་ལ་རྣམ་སྣང་གི་དྲིལ་བུ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*