www.dharmabook.ru tibetan OCR


323
རིན་པོ་ཆེས་བསྐོར་བ་ལ་རིན་འབྱུང་གི་དྲིལ་བུ། པདྨཱས་བསྐོར་བ་ལ་འོད་དཔག་མེད་ཀྱི་དྲིལ་བུ། རལ་གྲིས་
བསྐོར་
བ་ལ་དོན་གྲུབ་ཀྱི་དྲིལ་བུ་ཟར། འཁོར་ལོ་ལ་སོགས་པ་ལྷའི་མཆན་མ་རེ་རེ་ཁོ་ནའམ། བ་ཞི་ག་དང་
ལྡན་པ
འི་དྲིལ་བུ་ཐམས་ཅ་ད་དེ་བཞིན་གཤེགས་པའི་དྲིལ་བུ་ཡིན་ནོ། ཐམས་ཅ་ད་ཀྱང་རྩེ་ལྔ་པ་ཤ་སྟག་ཡིན་
པར་
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཆན་གསུང་ངོ་།
དེ་བཞིན་གཤེགས་པའི་རྡོ་རྡོ་རྗ། རྡོ་རྗེ་སེར་པོ་རྩེ་ལྔ་པ་ལ་ཟེར། རྗེའི་རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་
ལམ་ལ་སློབ་ཚུལ་ལ
ས་གསུངས།
དེ་བཞིན་གཤེགས་པའི་རིགས། བྱ་རྒྱུད་རིགས་དྲུག་གི་ནང་གསེས། མཆན་གཞི། དེ་བཞིན་གཤེགས་པའི་རིགས་
ཀྱི་གཙོ་
པོ་ཐུབ་པ་དམ་ཚིག་གསུམ་བཀོད་ལྟ་བུ།
དེ་ཡོ། དེ་ཐམས་ཅ་ད། རྗེའི་ལམ་རིམ་ཆེན་མོར། རང་ཅ་ག་ཀྱང་འཇིག་རྟེན་གྱི་བདེ་བ་གང་མཐོང་བ་ད་ང་ཐོས་པ་
དང་དྲན་པ་ཐམས་ཅད་ལ་དེ་ཡང་འཇིག་རྟེན་ཡིན།
དེ་ཡང་འཇིག་རྟེན་ཡིན། དེ་ཡོ་སྡུག་བསྡུལ་ཡིན། ཅིས་
ཀྱང་བྱར་མེད་སྙམ་ནས་སྐྱུག་ཏིང་ཏིང་བ་ད་གོས་གསུང་བ་ལྟར་ར་རོ།
ཞེས་གསུང་ས།
དེ་རུ་ཀ། དེ་རུ་རང་། དཔེར་ན། དེ་རུ་ཀ་འགྲོ་དགོས། ཞེས་པ་ལྟ་བུ།
དེ་ཥ་ར་ཏི། ལེགས་སྦྱར ཞེ་སྡང་དགའ་མ་སྟེ། ་མ་ཀཱིའོ། སྒྲ་བཤད་ནི། ཞེ་སྡང་ནི་རང་གི་ཡབ་མི་བསྐྱོད་
པའོ།
དེ་ལ་དགའ་བས་ན་ཞེ་སྡང་དགའ་མ་སྟེ། དྲ་ང་དོན་ནོ། ཉོན་མོང་ས་པ་ཞེ་སྡང་རྣམ་པར་དག་པ་འོད་
གསལ་ལ་
དགའ་བ་ནི་ཞེ་སྡང་དགའ་མ་སྟེ། ངེས་དོན་ནོ། འགྲེལ་པ་བཞི་སྦྲགས་ན་གསལ།
དེད་དཔོན། གང་གིས་མི་རྣམས་ཡུལ་གཞན་ནས་གཞན་དུ་འཁྲིད་པར་བྱེད་པ་པ་པོ།
དེའི་སྐད་ཅིག་མ། དུས་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུའི་ཡུན་ཚད། དེའི་སྐད་ཅིག་མ་ཞེས་པའི་དེ་སྒྲ་བསྙེག་ས་
ི་དུས་མཐའི་སྐད་ཅིག་མ་ཡིན།
དོ་ཀེར། (1)སྐྲ་གཅུག་ཏོར་ལྟར་བཅིངས་པ། (2) ཅོད་པན། ལུང་ཕྲན་ཆེགས་ཀྱི་འགྲེལ་པ་ལས། དོ་ཀེར་ནི་སྤྱི་བོའི་
དབུས་ན་འདུག་པའི་སྤྱི་བཅིངས་ཏེ།
གཙུག་ཏོར་གྱི་རྣམ་པ་ཉིད་ད་མ། ཅོད་པན་ལ་དོ་ཀེར་གྱི་སྒྲས་བརྗོད་དོ།
ཞེས་གསུངས།
དོ་ཀེར་ཅན། སྐྲ་གྱེན་དུ་གཅུག་ཏོར་ལྟར་བཅིངས་པའི་མི་ལ་ཟེར། ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས་གསུངས།
དོ་ར། རྩི་ཤིང་གི་ར་བ་དང་། གར་མཁན་གྱི་ར་བ། བསྟན་དར་ལྷ་ར་མས་པ་གསུང་།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*