www.dharmabook.ru tibetan OCR


327
ཡོད་དེ། རྗེའི་འཇུག་པའི་ཊཱིཀ་ཆེན་ལས། དགག་བྱ་ལ་དོན་ད་མ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་གཉིས་
ཤེས་དགོས་ཏ།
ཐོས་བསམ་སྒོམ་གསུམ་གྱི་རིགས་ཤེས་ལ་དོན་དམ་དུ་བྱས་ནས། དེས་སྔར་བཤད་པ་
ལྟར་མ་གྲུབ་པ་གཅིག་ད་ང་།
བློའི་དབང་གིས་བཞག་པ་མིན་པར་དོན་གྱི་སྡོད་ལུགས་སུ་ཡོད་པ་ལ་དོན་དམ་
དུ་ཡོད་པར་བཞག་པ་གཉིས་ཀྱི་དང་པོའི་དོན་ད་མ་དང་དེའི་ངོར་གྲུབ་པ་ཡང་ཡོད་ལ།
ཕྱི་མའི་དོན་དམ་
དང་དེ་ར་ཡོད་པ་གཉིས་ཀ་ཡང་མི་སྲིད་ད་དོ།
ཞེས་གསུངས་པ་ལྟར་རོ།
དོན་དམ་སེམས་བསྐྱད། རྫོགས་བྱང་གི་དོན་དམ་པའི་གནས་ལུགས་འབའ་ཞིག་ལ་ཆུ་ལ་ཚུ་བཞག་གི་ཚུལ་དུ་
སེམས་པའི་
གཙོ་བའི་རྣམ་རིག་ཅིག་ལ་ཟར། རྫོགས་བྱང་གི་དོན་དམ་པའི་གནས་ལུགས་མངོན་སུམ་དུ་
རྟོགས་
པས་དོན་དམ་སེམས་བསྐྱེད་དུ་བཞག་གོ། མཐོང་ལམ་ཐོབ་པ་ཡན་ཆད་ཀྱི་རྒྱུད་ལ་ཡོད།
དོན་ནམ་གྲངས་པ། དོན་གཅིག། དོན་གཅིག་མིང་གི་རྣམ་གྲངས་རྣམས་དོན་གཅིག
དོན་པོ། དོན་གྱི་སྙིང་པོ། གལ་འགངས་ཆེན་པོ། ད་པེར་ན། རྗེ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་སྙིང་པོ་ལས།
མདོར་ན་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་འདི་ངོས་ཟིན་པར་བྱས་ལ་ཆོས་བདག་འགོག་པའི་རིགས་པ་
ཐམས་ཅད་འདི་འགོག་པ་དངོས་ད་ང་དེའི་ཡན་ལག་ཏུ་ཤེས་པར་བྱས་།
མཉན་པ་དང་བཤད་པ་དང་
བསམ་པས་རང་རྒྱུད་ཀྱི་འཛིན་པ་དེ་ལ་ཅི་ཙམ་ཞིག་གནོད་དུ་སོང་བ་ཡང་ཡང་བརྟག་པ་ནི་གདམས་པའི་
དོན་པོར་ཤེས་པར་བྱ་སྟེ།
རང་སྡེའི་བདག་མེད་འཆད་པའི་སྐབས་གཞན་དུ་ཡང་དེ་བཞིན་དུ་བལྟའོ། ཞེས་
གསུངས་པ་ལྟར་རོ

དོན་སྤྱི། དོན་དེ་མ་ཡིན་བཞིན་ད་དོན་དེ་ལྟ་བུར་སྣང་བའི་རྟོག་པའི་འདྲ་རྣམ།
དོན་སྤྱི་རྐྱང་པ། གཞན་གྱི་འགྲེལ་བརྗོད་ལ་མ་བརྟེན་པར། རང་གི་ཉམས་མོང་ཁོ་ནས་གྲུབ་པའི་རྟོག་པའི་འདྲ་རྣམ་
ལ་ཟེར།
རང་གི་ཨ་མ་དྲན་པའི་ཚི་རྟོག་ངོར་འཆར་བའི་ཨ་མའི་འདྲ་རྣམ་ལྟ་བུ།
དོན་སྤྱོད། རང་གཞན་གྱི་དོན་འགྲུབ་པར་བྱེད་པ།
དོན་བྱེད་ནུས་པ། དངོས་པོའི་མཆན་ཉིད། སྒྲ་བཤད་ནི། རང་གི་འབྲས་བུ་སྐྱེད་པའི་དོན་ནམ་བྱ་བ་བྱེད་པའི་
ནུས་པ་དང་
ལྡན་པས་དེ་སྐད་ཅེས་བྱ།
དོན་སྲོར་རྟོག་པ། ཁྱད་གཞི་ཁྱད་ཆོས་སྦྱར་ནས་འཇིན་པའི་རྟོག་པ། དཔེར་ན་སྐྱེས་བུ་འདི་ནི་དབྱུག་པ་ཅན་ནོ་སྙམ་
དུ་འཛིན་པའི་རྟོག་
པ་ལྟ་བུ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*