www.dharmabook.ru tibetan OCR


333
ལ་འཇུག་པས། འདིར་ཕུའམ་པུག་མ་ལ་སྦྱར་ནས། ལྷ་ཁང་སྲུག་མ་ཡིན་པས་གཙ་ང་ཁང་ཞེས་བྱའོ། གཙང་
གི་སྐོར་
ཞིབ་པ་གཙང་པ་ཞེས་པའི་ཐད་དུ་གཟིགས།
དྲི་ཟ། ངབྷརྗཤ»(4) ལྷའི་རོལ་མོ་མཁན། ལྷའི་ཕྱོགས་གཅིག་གླུ་གླིང་ལ་དགའ་ཞིང་། མགྲིན་པ་བདེ་བ། ཟས་སུ་དྲི་
ཟ་བ།
ཞེས་རྗེའི་གསུང་མདོ་རྩའི་ཟིན་བྲིས་ལས་གསུངས། མཚན་གཞི་ནི། ལྷའི་གླུ་ད་བྱངས་མཁན་གྱི་གཙོ་
བོ་
དྲི་ཟའི་རྒྱལ་པོ་རབ་དགའ་ལྟ་བུ། (2) བར་སྲིད་པ། དགེ་ལེགས་བཤེས་གཉེན་གསུང་། མ་ཟླ་མཚན་
དང་ལྡན་པ།
དྲི་ཟ་ཉེ་བར་གནས་ཤིང་འཇུག་འདོད་པའོ་ཞེས་པ་ལྟ་བུ། སྒྲ་བཤད་ནི། ཟས་སུ་དྲི་བཟའ་
བས་ན་དེ་སྐད་ཅེས་བྱ།
དྲིན་དྲན། རྒྱུ་འབྲས་མན་ངག་བདུན་གྱི་གཉིས་པ་སྟེ། སེམས་ཅན་རྣམས་ཀྱིས་རང་གི་ཨ་མ་བྱས་པའི་སྐབས་ཀྱི་
དྲིན་
བསམ་པའོ།
དྲིན་དྲན་ཁྱད་པར་བ སེམས་ཅན་རྣམས་རང་གི་ཨ་མ་བྱས་པའི་སྐབས་སུ་དྲིན་ཆེ་བ་ཙ་མ་དུ་མ་ཟད་ཨ་མ་མ་
བྱས་པའི་གནས་སྐབས་
སུའང་དྲིན་ཆེ་ཚུལ་བསམ་པ་ལ་ཟེར།
དྲིལ་བསྒྲག ཁྱབ་བསྒྲགས། སྒྲ་བཤ་ད་ནི། རྒྱལ་པོའི་བཀས་དམ་བཅས་པ་དྲིལ་བུ་དཀྲོལ་བཞིན་དུ་སྒྲོག་པར་བྱེད་
པས་དེ་
སྐད་ཅེས་བྱ།
དྲིལ་བསྟོད། ཆོ་ག དྲིལ་བསྟོད་ནི། ཚིག་རྐང་དང་པོར་རྡོ་རྗེ་གསོར། གཉིས་པར་དྲིལ་བུ་གསིལ། གསུམ་པར་
ཕྱག་རྒྱ་བྱ།
བཞི་པར་ཐལ་མོ་སྦྱོར་བའི་ཕྱག་རྒྱ་ལ་ཟེར།
དྲིལ་བུ། (1) སྟོང་ཉིད་རྟོགས་པའི་ཤེས་རབ་མཚོན་པའི་མཆོད་རྫས་ཀྱི་རོལ་ཆ་ཞིག (2) མོ་མཆན། (8) ཕོ་
རྟགས་ཀྱི་
འབྲས་བུ། དཔེར་ན། ཀྱེ་རྡོར་གྱི་རྒྱུད་བརྟག་གཉིས་ལས། ནུ་མ་སྤངས་པ་བོ་ལར་འགྱུར། ཀཀྲོ་ལ་
དབུས་ཡང་དག་གནས།
འགྲམ་གཉིས་དྲིལ་བུ་ཉིད་དུ་འགྱུར། ཞེས་གསུངས་པ་ལྟར་རོ། དྲིལ་བུ་ལ་ད་བྱེ་
ན།
རྡོ་རྗེ་སེམས་དཔའི་དྲིལ་བུ། དཔའ་བོའི་དྲིལ་བུ། དེ་བཞིན་གཤེགས་པའི་དྲིལ་བུ་རྣམས་སུ་ཡོད་།
དྲིལ་བུའི་མཚོན་དོན་ནི། རྡོར་དྲིལ་གྱི་མཚོན་དོན་དང་། མཇུག་ཏུ་དྲིལ་བུའི་འགྲེལ་བཤད་ཀྱི་དཔེ་རིས་བཅས་ལ་གཟིགས།
དྲིལ་བུ་པ། རྒྱ་གར་གྱི་གྲུབ་ཆེན་དྲིལ་བུ་པ་སྟེ། མཚན་གཞན་རྡོ་རྗེ་དྲིལ་བུ་པ། ད་གྲ་ལས་རྣམ་རྒྱལ། བློ་གྲོས་སྙིང་
པོའི་དཔལ་
ཞེས་བྱ། སློབ་དཔོན་ཆེན་པོ་རྡོ་ཇེ་དྲིལ་བུ་པ་ནི། སློབ་དཔོན་ལུ་ཨི་པའི་དངོས་སློབ་རྒྱལ་པོ་དཱ་རི་
ཀ་པ
འི་སློབ་མ་ཡིན་ཏ། སློབ་དཔོན་ལུ་ཨི་པས་འདི་ནས་ལྷོ་ཕྱོགས་ཀྱི་རྒྱུད་ན་ཨོ་ཊ་སུ་རི་མཁུར་བའི་གྲོང་
ཁྱེར་ཞེས་པ་ན།
རྡོ་རྗེ་རྣལ་འབྱོར་མ་སྨད་འཚོང་མའི་ཆ་བྱད་འཛིན་པ་ཞིག་ཡོད་པས་དེའི་དྲུང་དུ་སོང་ལ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*