www.dharmabook.ru tibetan OCR


336
མོས་བོས་པའི་ཚེ་དེ་ལ་འབབ་པ་ཞེས་ཐལ་མོ་བདབས་ཤིང་གད་མོའི་སྒྲ་བྱས་པས། སློབ་ད་པོན་གྱིས་སྔར་
ད་གོངས་པ་དང་རང་གི་ནུས་པ་བསྟན་པའི་ཕྱིཕྱིར། ར་སྣོད་དེ་ས་ལ་བདབས་པས། ས་འོག་རིམ་པ་བདུན་དུ་
ཕྱུག་སྟ
འོག་གི་ཆུ་ཆེན་པོ་གྱེན་དུ་ཕྱུང་ང་ངོ་། དེ་མ་ཐག་སློབ་དཔོན་རང་ཉིད་ཧེ་རུ་ཀར་བྱས། བཅུན་མོ་རྡོ་
རྗེ་ཕག་མོར་བྱས།
སྤྲུལ་པའི་བུ་ནི་རྡོ་རྗེར་བྱས། བུ་མོ་ནི་དྲིལ་བུར་བྱས་ཏེ། བདེ་མཆོག་ལྷན་ཅིག་སྐྱེས་པའི་
རྣམ་པར་བྱས་ནས་ནམ་མཁའ་ལ་གཤེགས་སོ། རྒྱལ་པོ་ལ་སོགས་པའི་སྐྱེས་ྐྱེས་བོ་ཐམས་ཅ་ད་ཀྱིས་སློབ་
ད་པོན་ལ་བཟོད་པར་གསོལ་བས།
ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ། ཅེས་གསུངས་ནས་ཐམས་ཅ་ད་
ཀྱིས་ན་མོ་ལོ་ཀེ་ཤྭ་རཱ་
ཡ་ཞེས་གསོལ་བ་བཏབ་པས། ཆུའི་དབུས་ནས་ཐུགས་རྗེ་ཆེན་པོའི་སྐུ་རང་བྱུང་ཞིག་
བྱུང་སྟེ། དེ་ལ་ཆུ་རྣམས་སྐོར་བ་ལན་བདུན་བྱས་ས་འོག་ཏུ་སོང་ང་ངོ་། ཐུགས་རྗེ་ཆེན་པོའི་སྐུ་ནི་དེང་སང་
ཡ་ང་
བྱིན་རླབས་ཆེ་ཞིང་། འགྲོ་བ་ཐམས་ཅད་སྐྱབས་པར་གྱུར་པ་ཡིན་ནོ། ཨོ་ཊི་བི་ཤ་བ་ཐམས་ཅད་ཀྱང་
རྡོ་རྗེ་ཐེག་པ་
ལ་ཚུད་ནས་དངོས་གྲུབ་ཐོབ་པ་མང་དུ་བྱུང་ངོ་། རྡོ་རྗེ་གདན་པས་ཀྱང་། བུ་སྨད་བཅ་ས་ཤིང་
དངོས་གྲུབ་བརྙེས། བྷཾ་ག་ལ་རུ་ལུང་བསྟན་ཐོབ། རྡོ་རྗེ་དྲིལ་བུ་ཞེས་བྱ་བའི། བླ་མ་དེ་ལ་ཕྱག་འཆལ་
ལོ།
ཞེས་གསུངས་སོ། གྲུབ་ཆེན་དེས་གདུལ་བྱ་རྣམས་ཀྱི་དོན་དུ་དགོངས་ནས། ལུས་དཀྱིལ་དུ་དབང་
བསྐུར་བའི་
ཆོ་ག་དང་། ལུས་དཀྱིལ་གྱི་སྒྲུབ་ཐབས་ཆེ་ཆུང་གཉིས། ལྷ་ལྔའི་སྒྲུབ་ཐབས་ཏེ། བསྐྱེད་རིམ་གྱི་
སྒྲུབ་ཐབས་གས་གསུམ།
རྫོགས་རིམ་ལ་རིམ་པ་ལྔ་པ་དང་། སློབ་མ་གྲུབ་ཐོབ་དུ་མ་བྱོན་ཀྱང་གཙོ་བོ་རུས་སྦལ་
ཞབས།
དེས་ཛཱ་ལནྡཱ་རི་པ། དེས་ནག་པོ་པ་སོགས་རིམ་བཞིན་གྲུབ་པའི་གནས་སུ་བཀོད་དོ། རྗེ་ཙོང་ཁ་པ་
ཆེན་པོའི་གསུང་
ལྟར་བཀོད། སྒྲ་བཤད་ནི། ཁྱེའུ་རྡོ་རྗེར་བྱས། བུ་མོ་དྲིལ་བུར་སོང་བ་དེ་གཉིས་ཕྱག་ཏུ་
བསྣམས།
སློབ་དཔོན་ཡབ་ཡུམ་བདེ་མཆོག་ལྷན་སྐྱེས་ཀྱི་རྣམ་པར་གྱུར་ནས་ནམ་མཁའ་ལ་གཤེགས་པའི་
རྫུ་འཕྲུལ་
བསྟན་པས་མཆན་ཡང་རྡོ་རྗེ་དྲིལ་བུ་པར་གྲགས་སོ།
དྲུག་ལྡན་ལུ། ཕྲ་སྦོམ་འགྱུར་ཁུགས་འདེགས་འཇོག་སྟེ་ཡན་ལག་དྲུག་དང་ལྡན་པའི་གླུ།
དྲུག་པོ་འདས་མ་ཐག་པ་ཡི། རྣམ་ཤེས་གང་ཡིན་དེ་ཡིད་དོ། ༿དྲུག་པ་ཡིད་ཤེས་ཀྱི་དེ་མ་ཐག་རྐྱེན་དུ་གྱུར་
པའི་
ཡིད་ཀྱི་རྣམ་ཤེས་དེ་ཡིད་ཀྱི་ཁམས་ཡིན་ནོ། ཞེས་པའི་དོན་ཏེ། རྣམ་ཤེས་ཚོགས་དྲུག་པོ་དེ་དག་རང་
རང་གི་
དུས་སུ་འདས་པའམ། འགགས་མ་ཐག་པའི་ཡིད་ཀྱི་རྣམ་ཤེས་གང་ཡིན་པ་དེ་ནི་ཡིད་དོ་སྟེ་ཡིད་ཀྱི་

ཁམས་ཡིན་ནོ། ཞེས་པའོ། དཔེར་ན་མིག་གི་རྣམ་ཤེས་ཀྱི་དུས་སུ་འགགས་མ་ཐག་པའི་ཡིད་ཀྱི་རྣམ་ཤེས་
གང་ཡིན་པ་དེ་ལ་
ཡིད་ཀྱི་ཁམས་ཞེས་བརྗོད་པ་ལྟ་བུའོ། མཁས་པར་རློམ་པ་མང་པོས་ཀྱང་ཚིག་འདིའི་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*