www.dharmabook.ru tibetan OCR


གདང་། ཆོས་གོས་ལ་སོགས་པ་གཟེར་སའི་ཕུར་པ་གླང་པོ་ཆེའི་མཆེ་བ་ལྟ་བུ་རྩིག་པ་ལ་བཅུགས་པ་ཞིག། དགོ་
ལེགས་བ
ཤེས་གཉེན་ལ་གཞི་བྱས།
གདན་ས། ཆོས་རྒྱུད་སོ་སོའི་ལྟ་གྲུབ་ཉམས་ལེན་དང་སློབ་གཉེར་བྱེད་སའི་བསྟི་གནས་ཀྱི་གཙོ་བོ་ལ་ཟེར།
གདན་ས་ཆེན་པོ་གསུམ། སེ་ར། འབྲས་སྤུངས། དགའ་ལྡན་དང་གསུམ།
གདན་བསུམ། ས་སྐྲ གཤེགས་པ་གཤེགས་མ་ཕུང་ཁམས་དག་པའི་གདན། སེམས་དཔའ་སེམས་མ་སྐྱེ་མཆེད་
དག་པའི་གདན། ཁྲོ་བོ་ཁྲོ་མོ་ཡན་ལག་དག་པའི་གདན། ཞེས་འབྱུང་བ་ལྟར་རོ། སྒྲ་བཤད་ནི། གད་ན་གྱི་
སྐད་དོད་སི་ཐ་
ཞེས་པ། གད་ན། གནས། རིགས་སོགས་དུ་མ་ལ་འཇུག་པ་ལས། གཤེགས་པ་གཤེགས་
མའི་
རིགས་ཞེས་པར་བསྒུར་ན་བདེའང་། འབྲོག་མི་གསང་སྔགས་ལ་དམ་དོག་ཆེ་བས་གོ་ད་ཀའ་བར་བྱས་
པ་
ཡིན་པར་གསུངས་སོ། ཞེས་རྗེ་གུང་ཐང་པ་གསུང་ངོ་། ཐ་སྙད་འདི་ས་དགེ་བཀའ་གསུམ་གྱི་གཞུང་ནང་
མཐོང་།
གདམས་ངག་བརྗེད་པ། ཞི་གནས་ཀྱི་སྐབས་གདམསང་ག་བརྗེད་ཅེས་པ། སེམས་དམིགས་པ་ལ་བཏགས་པ་དེ་
རྒྱུན་ལྡན་དུ་དྲན་ནས་གནས་མི་ཐུབ་པར་ཡེངས་ན། དེ་ལ་གདམས་ངག་བརྗེད་པའམ་ད་མིགས་རྟེན་བརྗེད་
པ་ཟེར།
གདས་པ། སྙན་གསན་ཞུ་བ། གོ་བར་བྱེད་པ། དཔེར་ན། བླ་མ་ལྔ་བཅུ་པ་ལས། བླ་མས་བསྒོ་བ་མཉན་པར་བྱ།
རྒོད་དང་ལུད་པ་ལ་སོགས་ལ། ལག་པས་ཁ་ནི་དགབ་པར་བྱ། བྱ་བ་ཟིན་ནས་འཇམ་པ་ཡི། ཚིག་ད་ག་
གིས་ནི་
གདས་པར་བྱ། ཞེས་གསུངས་པ་ལྟར། བླ་མའི་བྱ་བ་བསྒྲུབས་ཟིན་ནས། ཤིན་ཏུ་འཇམ་པའི་ཚིག་
དག་གིས་འདི་ལྟར་བགྱིས་ལགས།
ཞེས་བླ་མ་ལ་སྙན་གསན་ཞུས་ཏེ་གོ་བོར་བྱེད་པ།
གདིང་བ་ཚད་ལྷག་བྱེད་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་གྱ་བདུན་པ། གདིང་བ་སྲིད་དུ་ཁྲུ་གསུམ།
ཞེང་དུ་ཁྲུ་དོ་སོར་དྲུག་ལས་ལྷག་པ་བྱས་པའོ།
གདུག་པ། མ་རུང་པ། ལུས་ངག་གིས་གཞན་ལ་གནོད་པ་བྱེད་པ་ལ་དགའ་བའམ་ཁོན་འཛིན་དམ་པ། རྗེའི་གསུང་
ལྟར་བཀོད།
གདུགས། (4) ཉི་ཆར་སྐྱོབ་བྱེད། (2) ཉི་མའི་བརྡ་རྙིང་། བརྒྱ་ལྔ་བཅུ་པ་ལམ་རིམ་དུ་དྲངས་པ་ལས། ཡང་དང་
ཡ་ང་དུ་མི་ཤེས་པའི།
རབ་རིབ་འཇོམས་པས་གདུགས་དང་འདྲ། ཞེས་གསུངས་པ་ལྟ་བུ། (8) ཉིན་
དགུང་གི་མིང་།
གདུགས་ཚོད་ཅེས་པ་ལྟ་བུ། གདུགས་ཚོད་ནི་ཉིན་དགུང་གི་ཁ་ལག་ལའང་གོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*