www.dharmabook.ru tibetan OCR


339
གདུགས་དཀར་ཊཱི་ཀ། སྒོམ་སྡེ་ནམ་མཁའ་རྒྱལ་མཆན་གྱིས་མཛད་པའི་གདུགས་དཀར་ཊི་ཀ།
གདུང་བ། (4) སྡུག་བསྔལ། དཔེར་ན་ཚོར་བ་གདུང་བ་ལྟ་བུ། (2)མནར་བ། དཔེར་ན་ཉི་མས་གདུང་། མ་ངན་
གྱི
ས་གདུང་ལྟ་བུ། (8) ཤ་ཆ། ད་པེར་ན་བརྩེ་གདུང་ལྟ་བུ། ཇེའི་ལམ་རིམ་ཆེན་མོ་ལས་ཀྱང་། དེའི་ཚི་
གཉེན་ན
མ་བཤེས་ཇི་ལྟར་བརྩེ་ཞིང་གདུང་བ་ཆེ་བས་མཐའ་བསྐོར་ཡང་གཅིག་ཀྱང་ཁྲིད་ས་མེད། ཅེས་པ་
ལྟ་བུ།
(4) འདུན་པ། དཔེར་ན། བདག་ཅ་ག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། ཞེས་པ་ལྟ་བུ།
གདུར་བུ། ཆོས་གོས་ཀྱི་སྣོད་།
གདེང་ས་ཀ། (4) སྦྲུལ་མགོའི་གདུགས། དཔེར་ན། སྦྲུལ་བདུན་གྱི་གདེངས་ཀ། ཞེས་པ་ལྟ་བུ། (2) སྦྲུལ་གྱི་མགོ་
གཤོག་རྒྱས་ཏེ་གདུགས་ལྟར་གྱུར་པ། ད་པེར་ན། སྦྲུལ་གྱི་གདེངས་ཀ་རྒྱས། ཞེས་པ་ལྟ་བུ། (8) ཁ་རྒྱ་ཆེ་བ།
དཔེར་ན། རྩེ་མོ་ཕྲ་བ་ཐུར་དུ་ཟུག་ཅིང་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ། ཞེས་པ་ལྟ་བུ།
གདེང་ས་ཀ་ཆེ་བ། ཁ་རྒྱ་ཆེ་ དཔེར་ན། རྩེ་མོ་ཕྲ་བ་ཐུར་དུ་ཟུག་ཅིང་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ་ཞེས་པ་
ལྟ་བུ།
གདེང་ས་ཅན། (1)ཀླུ། མཚན་གཞི་ནི། ཀླུའི་གཙོ་བོ་དགའ་བོ་དང་འཇོག་པོ་ལྟ་བུ། སྒྲ་བཤད་ནི། མགོ་ལ་སྤྲུལ་གྱི་
གདེངས་ཀ་ཡོད་པས་དེ་སྐད་ཅེས་བྱ། (2) སྦྲུལ།
གདེངས་མེད་དུ་སྤྱོད་པའི་ལྟུང་བེད། འབའ་ཞིག་པ་དགུ་བཅུའི་རེ་བརྒྱད་པ། དགེ་སློང་ལ་བྱིན་པའི་གོས་སམ་
ལྷུང་བཟེད་ལ་གནང་
བ་མིད་པར་ལོང་ས་སྤྱོད་པའོ།
གདོང་གི་སྣ་རྩེ། (4) དབུ་མའི་ཡར་སྣ་སྟེ། སྨིན་མཆམས། སྣ་དང་། སྣ་། སྣེ་མོ། མཐའ་རྣམས་འདིར་དོན་འདྲ། (2)
སྣ་བུག
གདོང་ལྔ། སེངྒེ་། སྒྲ་བཤད་ནི། རྐང་ལག་བཞི་ཁ་དང་ལྔ་ཆར་གྱིས་རི་དུགས་འཛིན་པ་སོགས་གདོང་གི་བྱ་བ་བྱེད་
ནུས་པའི་ཆ་ནས་བཤད་ཚུལ་གཅིག་ད་ང་།
གདོང་གི་ཤ་ཚུགས་ལ་འབུར་ལྔ་ཡོད་པས་དེ་ལྟར་དུ་བཤད་
དོ།
རྗེ་གུང་ཐང་པའི་ཕྱག་ཆེན་གྱི་ཁྲིད་ཡིག་ན་གསལ། ཡང་། དེ་དང་འདྲ་བར། ཁ། སྣ། ཁུར་ཚོས་
གཉིས།
མ་ལེ་སྟེ་ལྔ་ཡོད་པས་གདོང་ལྔའོ། དངུལ་ཆུའི་གསུང་ཟིན་གྲིས་ན་གསལ།
གདོང་ལྔ་པ། གདོང་ལྔ་དང་དོན་འདྲ།
གདོང་དམར་གྱི་ཡུལ། བོད་ཡུལ། དཔེར་ན། ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པ་ལས། ང་ཡོངས་སུ་མ་
ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*