www.dharmabook.ru tibetan OCR


340
ོ། ཞེས་གསུང་ས་པའི་གདོང་དམར་གྱི་ཡུལ་བོད་ཡིན་པར། མཁས་གྲུབ་ཆོས་རྗེའི་དཔལ་དུས་ཀྱི་འཁོར་
ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་
རྒྱ་ཆེར་བཤད་པ་ལས་གསུངས།
གདོང་གཡོགས། བཀའ་རྙིང དབང་གི་སྐབས་སློབ་མ་རྣམས་ཀྱི་ད་ཀྱིལ་འཁོར་དང་གསང་རྫས་མཐོང་བ་རེ་ཞིག་
སྒྲིབ་
བྱེད་ཀྱི་མིག་དར་དམར་པོ་དཔྲལ་བར་བཅིང་བ་དའོ། དགེ་ལུགས་པས་དེ་ལ་སྤྱན་དར་ཟེར།
གདོད་མ། དང་པོ། གཟོད་མ། སྔོན་མ།
གདོད་མའི་བྱང་ཆུབ་ཆེན་པོ། བཀའ་བརྒྱུད ཕྱག་ཆེན་བད་ཞིག་སྟེ། སེམས་ཀྱི་ཆོས་ཉིད། སྒྲ་བཤད་ནི། གདོད་
མའི་གཤིས་ལུགས་
དེ་ག་ལས་འདི་ལ་སློན་གྱི་ཆ་སེལ་རྒྱུ་དང་ཡོན་ཏན་གྱི་ཆ་སྒྲུབ་རྒྱུ་གང་ཡང་མེད་པས་དེ་
སྐད་ཅེས་བྱའོ།
ངེས་དོན་རྒྱ་མཚོ་ལ་གཞི་བྱས་ཏེ་བཀོད།
གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ། བཀའ་བརྒྱད འཁོར་འད་ས་ཐམས་ཅད་ཀྱི་གཞིའམ་རྩ་བར་གྱུར་
པའི་
སེམས་ལ་ཟེར། སེམས་ཅ་ན་ནས་སངས་རྒྱས་ཀྱི་བར་ལ་ཁྱད་པར་མེད་པའི་སེམས་ཀྱི་ངོ་བོ། ཐོག་མ་
དང་མཐའ་མེད་ཅི་ང་།
རྟག་ཆད་དང་མཐའ་དབུས་སོགས་ཀྱི་རྒྱར་མ་ཆད་ལ། སྤང་གཉེན་དང་ངེས་བཟུང་
གི་
ཕྱོགས་སུ་མ་ལྷུང་བ། མཚན་མ་དང་རྣམ་པར་རྟོགས་པས་མ་བསླད་པའི་གཤིས་བབས་མ་བཅོས་པ་
འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་འདི་ཉིད་ཡིན་ནོ། མིང་གི་རྣམ་གྲངས་ཕྱག་རྒྱ་ཆེན་པོ། བདེ་བ་ཆེན་
པོ།
ནཱ་ད། མཁའ་ཁྱབ་ནམ་མཁའི་རྡོ་རྗེ། ཐ་མལ་གྱི་ཤེས་པ། ཡེ་ཤེས་ཀྱི་རྩ་དང་རླུང་། གཞོམ་མེད་ཀྱི་ཧཾ་
དང་
ཐིག་ལེ། བདེ་གཤེགས་སྙིང་པོ། ཤེས་རབ་ཕར་ཕྱིན་སོགས་སོ། སྒྲ་བཤད་ནི། ཐོག་མའི་མཐའ་མེད་
པའི་
དོན་གྱིས་ན་གདོད་མ་དང་། མི་ཕྱེད་པའི་དོན་གྱིས་ན་མི་ཤིགས་པ། ཡང་བ་དུ་མར་ཁྱབ་པར་གདལ་
འི་དོན་གྱིས་ན་ཐིག་ལ། ཆོས་ཐམས་ཅ་ད་ལ་མ་ཁྱབ་པ་མེད་པའི་དོན་གྱིས་ན་ཆེན་པོའོ།
གདོད་མའི་སང་ས་རྒྱ བཀའ་བརྒྱུད གདོད་མའི་བྱང་ཆུབ་ཆེན་པོ་དང་འདྲ།
གདོན་བགེགས། ཕན་གནོད་གཉིས་ཀ་བྱེད་པས་གདོན་དང་། གནོད་པ་འབའ་ཞིག་བྱེད་པས་བགེགས་ཞེས་བྱ་ཞིང་།
དབང་བསྐུར་སོགས་ཀྱི ཆེ་བགེགས་གཏོར་ངེས་པར་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ་ཞེས་
བླ་མ་རྣམས་གསུང་ང་ངོ་།
གདོན་ཆེན་བཅོ་བརྒྱད། གདོན་ཆེན་བཅོ་བརྒྱད་ནི། འབྱུང་པོའི་གདོན་ལ། ལྷ། ལྷ་མ་ཡིན། དྲི་ཟ། ཀླུ། གནོད་
སྦྱིན།
ཆངས་པ། སྲིན་པོ། ཤ་ཟ། ཡི་དགས། གྲུལ་བུམ། བྱད་ལྟེམས། གཡེང་བྱད། རོ་ལངས། མཚུན་
ལྷ།
བླ་མ། དྲང་སྲོང་། རྒན་པོ། གྲུབ་པ། འདི་ཐམས་ཅ་ད་འབྱུང་པོ་ཟེར། ཞེས་ཀློང་རྡོལ་བླ་མ་གསུང་།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*