www.dharmabook.ru tibetan OCR


341
གདོལ་པའི་རིགས། དམངས་རིགས་དང་འདྲ།
གདོས་བུ། བསམ་གཏན་པ་གཉིད་བྲོ་ན་སློང་བྱེད་ཅིག། མཚོ་ཊིཀ་ལས། ༿གདོས་བུ་ནི་བྱང་བུའི་རྣམ་པ་ཅ་ན་དུ་
ཤིང་གཞོགས་པ་མཐོ་གང་
གི་ཆད་དུ་བྱས་པ་དེ། སྐུད་པས་རྣ་བ་ལ་དཔྱངས་པའམ་མགོའི་སྟེང་དུ་བཞག་ན་
རབ་ཏུ་གཉིད་ཡུར་ཏེ་གཡོ་བའི་ཆེ།
དེ་ཡན་ལག་གི་ཕྱོགས་ལ་ཕོག་པས་གཉིད་སངས་པའི་ཐབས་ཡིན་
ནོ།
ཞེས་དང་། ༿གདོས་བུ་ནི་རང་གི་རྣམ་བཤད་ལས་ཤིང་ལ་སོགས་པ་ལས་བྱས་པའི་གདོས་བུ་ཆུ་
ཚོད་ཀྱི་སྣོད་འདྲ་བ་ཆུང་ངུ་བྱས་ཏེ།
དེའི་ལུང་མིག་ནས་སྐུད་པས་བཏགས་ཏེ། བསམ་གཏན་པ་རྣམས་
གཉིད་བྲོ་ན་གདོས་བུ་དེ་
རྣ་བ་ལ་བཏགས་ཏེ་དཔྱང་བར་བྱའོ་ཞེས་བཤད་དེ། ཞེས་དང་། ༿ གདོས་བུ་འདི་
ལ་བཤད་པའི་རྣམ་གྲངས་གཞན་ཡང་དེ་ཉིད་ལས།
ཤིང་ལས་བྱས་པའི་རིལ་བ་ཆུང་ངུ་ཆུས་བཀང་བ་སྐེ་
ལ་སྐུད་པས་བཏགས་པ་རྣ་བ་ལ་དཔྱངས་པ་གཉིད་ལོག་པས་གཡོས་པ་ན་ཆུ་ཡོངས་སུ་བོ་བ་གདོང་པ་ལ་
བབས་པས་གཉིད་སང་ས་པར་འགྱུར་རོ་ཞེས་ཀྱང་བཤད་དོ། ཞེས་གསུངས།
བདག (4) བདག། ང་། གང་ཟག་རྣམས་དོན་གཅིག (8) དགག་བྱའི་བདག། རང་བཞིན་གྱིས་གྲུབ་པའི་བདག་ལྟ་
བུ་སྟེ།
བཞི་བརྒྱ་པའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་
མ་ལས་པའི་ངོ་
དོའི་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། ཞེས་གསུངས་པ་ལྟར་རོ།
བདག་གི་བ ང་ཡི་བ་དང་དོན་གཅིག
་བདག་
གིར་བྱས་པ། (1) དང་དུ་ལེན་པ། (2) རོ་མོང་བ། ཉམས་སུ་མོང་བ། དཔེར་ན་བཅུག་རེག་མོང་བ་བད་ག་
གིར་བྱས་པ་ཞེས་པ་
ལྟ་བུ།
བདག་ཉིད་ཆེན་པོ། སྤང་རྟོགས་ཕུན་སུམ་ཚོགས་པའི་གང་ཟག
བདག་ཏུ་ཞེན་པ་བཏང་བ བཀའ་བརྒྱུད ཚེ་འདི་ལ་ཞེན་པ་སྤོང་བ།
བདག་དང་གཞན་གྱི་ཞེས་སོགས། བདག་དང་གཞན་གྱི་དུས་གསུམ་དང་འབྲེལ་བའི་ཞེས་སོགས་པཎ་ཆེན་བསོད་
ནམས་གྲགས་པ་ལྷ
་ལྡན་སྨོན་ལམ་ཆེན་མོའི་གྲལ་དབུར་ཕེབས་སྐབས་སུ་གསུང་ས་པར་བཤད།
བདག་མདུན་ཐ་དད། བདག་མདུན་ཐ་དད་ཅེས་པའི་གོ་དོན་ན་ནི། བདག་བསྐྱེད་ཚུར་རོལ་དང་། མདུན་བསྐྱེད་ཕ་
རོལ་ཏུ་སྒྲུབ་
ཅིང་མཆོད་པ་སོགས་ལ་ཟེར།
བད་ག་མདུན་གྱི་མཆོད་པ་བཤམ་ཚུལ། རང་གི་མདུན་དུ་སྟེགས་ཀྱི་ཁར་ཆུ་གཉིས་ཉེར་སྤྱོད་རང་གི་གཡས་ངོས་
ནས་འགོ་བརྩམས་ཏེ་བཤམས། དེའི་ཕར་རྒྱབ་ཏུ་སྟེགས་ཀྱི་ཁར་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་འབུལ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*