www.dharmabook.ru tibetan OCR


ཡུལ་གྱི་གཡས་དང་རང་གི་གཡོན་ནས་འགོ་བརྩམས་ཏེ་ལེགས་པར་བཤམས། ཕ་རྒྱུད་ལ་བདག་བསྐྱེད་ཀྱི་
མཆོད་པ་
རང་གི་གཡས་ད་ང་། མདུན་བསྐྱེད་ཀྱི་མཆོད་པ་འབུལ་གྱི་གཡ་ས་ནས་འགོ་རྩོམ་པ་ནི། གཡས་
ཀྱིས་
ཐབས་མཚོན་པས་སྒུ་ལུས་རྩལ་ཏུ་འདོན་པ་དང་། མ་རྒྱུད་ལ་དེ་ལས་བཟློག་པ་གཡོན་པས་ཤེས་རབ་
མཚོན་པས་འོད་གསལ་སྨིན་བྱེད་ཀྱི་རྟེན་འབྲེལ་བསྒྲིག་པ་ཡིན། མདུན་བསྐྱེད་ལ་མཆོད་པ་ཆར་མང་པོ་
ཡོད་ན་ཕ་རྒྱུད་ལ་ལྷའི་ཕྱོགས་ལ་མཆོད་ཡོན་དང་། རང་ཕྱོགས་སུ་ཞལ་ཟས་ལྷ་གྲངས་ཐད་བསྒྲིགས་དང་།
མ་རྒྱུད་ལ་དེ་ལས་བཟློག་པ་གསུང་བཤད་ཀྱི་རྒྱུན་ལ་ཡོད་དོ། ཞེས་གསུང་ངོ་།
བད་ག་མདུན་འཇུག་པ་གཅིག་པ། བདག་བསྐྱེད་དང་མཉམ་དུ་དཀྱིལ་འཁོར་སྒྲུབ་པ་ལ་ཟེར། དཔེར་ན་རྡོ་ཇེ་
འཇིགས་
བྱེད་ལྟ་བུ།
བད་ག་མདུན་འཇུག་པ་ཐ་ད་ད། བདག་བསྐྱེད་སྔོན་དུ་བཏང་ནས་དཀྱིལ་འཁོར་སྒྲུབ་པ་ལ་ཟེར། དཔེར་ན་གསང་
འདུས་བདེ་མཆོག་ལྟ་བུ།
བདག་མདུན་ཐ་མི་དད། བདག་མདུན་གྱི་གཙོབོ་རང་ཉིད་གཅིག་བུས་བྱེད་པ་ལ་ཟེར། དཔེར་ན་གསང་བདེ་
འཇིགས་གསུམ་ལྟ་བུ།

བདག་བྱིན་རླབས། ཤིན་ཏུ་ཕྲ་བའི་རླུང་ལྷ་སྐུར་སྒུར་བར་བྱེད་པ་ལ་ཟེར། སྒྲ་བཤད་ནི། བདག་ཏུ་འདོགས་པའི་
གཞི་
ཤིན་ཏུ་ཕྲ་བའི་རླུང་ཡིན་ལ། དེ་ལྷ་སྐུར་སྒུར་བར་བྱེད་པས་དེ་སྐད་ཅེས་བྱ།
བདག་མེད་མ། (4) དཔལ་དགྱེས་པ་རྡོ་རྗེའམ་ཀྱེ་རྡོར་གྱི་ཡུམ་གྱི་མཚན་གྱི་རྣམ་གྲང་ས་ཤིག། རྡོ་རྗེ་བདག་མེད་མ་
ཡང་ཟེར། (2) མར་པ་ལོ་ཙ་བ་ཆོས་ཀྱི་བློ་གྲོས་ཀྱི་གསང་ཡུམ།
བདག་འཛིན་བློས་བཏང་བ། (4) རང་གཅེས་འཇིན་གྱི་བློ་བཏང་སྟེ། གཞན་གཅེས་པར་འཇིན་པ། (2) བཀའ་
བརྒྱུད
རྟོག་པ་ངོས་ཟིན་ནས་གང་ཤར་བའི་རྟོག་པ་དེ་ཉིད་ལ། སྤང་བླང་དགག་སྒྲུབ་བཅོས་བསླད་སོགས་ཀྱི་
འཇིན་པ་མེད་པར། གསལ་ལེ་ཡེ་རེ་གུ་ཡང་ས་སང་ངེ་འཛིན་མེད་དུ་སྐྱོང་བ་ལ་ཟེར།
བདག་གཞན་མཉམ་བརྗེ། རང་གཅེས་འཇིན་དང་། གཞན་ཡལ་བར་འདོར་བའི་བློ་གཉིས་གོ་ས་བརྗེས་ཏེ།
གཞན་ལ་རང་ལྟར་གཅེས་པར་འཛིན་ཞིང་། རང་ལ་གཞན་ལྟར་ཡལ་བར་འདོར་བའི་བློ་སྐྱེད་པ་ལ་ཟེར།
བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་ཚུལ་འདི་རང་གི་མ་དང་གཉེན་སོགས་ཡིན་པ་རྒྱུ་མཚན་
དུ་བྱས་ནས་
སྙིང་རྗེ་དང་སེམས་བསྐྱེད་པ་མིན་གྱི། རང་གཞན་ཀུན་བདེ་བ་འདོད་པ་དང་སྡུག་བསྔལ་མི་
འདོད་པ་
འདྲ་བ་རྒྱུ་མཆན་དུ་བྱས་ནས་སེམས་བསྐྱེད་པས་དབང་པོ་རྣོན་པོའི་སེམས་བསྐེད་ཚུལ་ལོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*