www.dharmabook.ru tibetan OCR


352
འདབ་ཆགས་པ། ཉེ་འཁོར་དུ་ཆགས་པ། ཉེ་འགྲམ་དུ་ཡོད་པ། བར་མཚམས་མིད་པར་འབྲེལ་ཆགས་པ། པཎ་
ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་
སོགས་མཁས་པ་མང་པོའི་གསུང་ནང་ས་མཐའ་མེད་པ་སྣང་། འདབས་ཆགས་པ་དང་འདྲ་།
འདབས་ཆགས་པ། འདབ་ཆགས་པ་དང་འདྲ།
འདམ་གྱི་ཕུར་པ་བཞིན། མི་བརྟན་པ་དང་། སོ་མི་ཟིན་པའི་དོན།
འདའ་ ཡོལ་བ།
འདས་པ་དང་བཅས་པར་འགྱུར། [འདུལ་བ ཉེས་པའི་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ་ཞེས་པའི་དོན།
སྒྲ་བཤད་ནི། བསླབ་པའི་མཆམས་ལས་འདས་པ་སྟེ་ཤིན་ཏུ་བརྒལ་བར་བྱེད་པས་དེ་སྐད་ཅེས་བྱ།
འདི་སྐད་། [ཨ་ཝ འདི་ལྟར། འདི་འདྲ།
འདི་ན། (4) ཐག་ཉེ་བ་ན། (2) ཚེ འདི་ལ།
འདིང་བ་མ་བསྡུས་པར་འགྲོ་བའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་བཅོ་ལྔ་པ་ནི། དགེ་འདུན་གྱི་རྩྭ་འམ་ལོ་
མའི་
འདིང་བ་མ་བསྡུས་པར་ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་འདས་པའོ།
འདུ་བའི་དུས་སུ་སྒྲུབ་པའི་ད་མན་སྤྱོད། དམན་སྤྱོད་ལྔའི་ཡ་གྱལ་ཏེ། དགེ་འདུན་འདུ་བའི་དུས་སུ་སྟན་
བཤམས་པ།
བདུག་སྤོས་དང་པོག་པོར་གཞག་པའི་སྤྱོད་པ་སོགས།
འདུ་བྱེད་ཀྱི་སྡུག་བསྔལ། སྡུག་བསྔལ་ཐམས་ཅད་ལ་ཁྱབ་ཅིང་སྡུག་བསྔལ་གཞན་གཉིས་ཀྱི་རྩ་བ་བྱེད་པའི་འཁོར་
ས་བསྡུས་པའི་ཚོར་སོགས་ཀྱི་ཕུང་པོ་ལ་ཟེར རྗེའི་ལམ་རིམ་ཆེན་མོ་ལས། ཕུང་པོ་འདི་ལ་སྡུག་བསྔལ་
དང་ཉོན་མོངས་ཀྱི་གནས་ངན་ལེན་བརྟན་ཆགས་པར་ཡོད་པས་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཡོད་ན།
ཚོར་
བའི་སྡུག་བསྔལ་ད་
ལྷ་མེད་པའི་སྐབས་རེ་བྱུང་ཡང་དེ་མ་ཐག་ཡང་སྒོ་སྣ་ཚོགས་ནས་སྡུག་བསྔལ་དུ་མ་བསྐྱེད་
པས་ན།
འདུ་བྱེད་ཀྱི་སྡུག་བསྔལ་ནི་སྡུག་བསྔལ་ཐམས་ཅད་ལ་ཁྱབ་པ་དང་སྡུག་བསྔལ་གཞན་གཉིས་ཀྱི་རྩ་བ་
ཡིན་པས་འདི་ལ་སྐྱོ་བ་མང་དུ་བསྒོམ་མ་མོ།
ཞེས་གསུངས་སོ།
འདུ་བྱེད་བཏང་སྙོམ སེམས་བྱིང་རྒོད་དང་བྲལ་བའི་ཆེ་གཉེན་པོ་མངོན་པར་འདུ་མི་བྱེད་པར་བཏང་སྙོམས་
སུ་འཇོག་པར་བྱེད་པ
འི་སེམས་བྱུང་དགེ་བ་ཞིག་ལ་ཟེར། འདུ་བྱེད་བཏང་སྙོམས་དང་སེམས་གནས་ད་གུ་པ་
གཉིས་གནད་གཅིག་པར་ལམ་རིམ་ཆེན་མོར་གསུངས་ཏེ། ད་བུས་མཐའ་ནས་སྤོང་བའི་འདུ་བྱེད་བརྒྱད་
བཤད་པའི་བཏང་སྙོམས་ནི་འདིའི་སེམས་དགུ་པ་དང་གནད་གཅིག་ཡིན་ལ།
ཞེས་བྱང་ཆུབ་ལམ་རིམ་
ཆེན་མོ་ལས་གསུང་ས་སོ། སྒྲ་བཤད་ནི། བྱིང་རྒོད་འགོག་པའི་འདུ་བྱེད་དམ་རྩོལ་བ་བཏང་ནས་སེམས་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*