www.dharmabook.ru tibetan OCR


353
སྙོམས་པ་སྟེ་རྣལ་དུའམ་རང་བབས་སུ་བཞག་པས་ན་དེ་སྐད་ཅེས་བཇོད། འདུ་བྱེད་བཏ་ང་སྙོམས་ནི་
སེམས་བྱུང་ང་གཅིག་གི་ནང་ཚན་དགོ་བ་བཅུ་གཅིག་ལས་བཏང་སྙོམས་ཞེས་པ་དེ་ཡིན།
འདུ་བྱེད་ཀྱི་ཕུང་པོ། གཟུགས་ད་ང་། ཚོར་བ། འདུ་ཤེས། རྣམ་ཤེས་ཀྱི་ཕུང་པོ་ལས་གཞན་པའི་འདུས་བྱས་ཀྱི་
ཆོས་
ལ་ཟེར་ཏ། མཛོད་ལས། འདུ་བྱེད་ཕུང་པོ་བཞི་ལས་གཞན། ཞེས་གསུང་ས་པ་ལྟར་རོ། སྒྲ་བཤད་ནི།
རང་ད་ང་མཚུང་ས་ལྡན་གྱི་རྣམ་ཤེས་དགེ་མི་ད་བེའི་ཡུལ་ལ་གཡོ་བའི་བྱ་བ་བྱེད་པས་འདུ་བྱེད་དང་། དུ་མ་
སྤུངས་པས་ན་ཕུང་པོའོ།
འདུ་བྱེད་ཀྱི་ཕུང་པོ་ཞེས་པ་འདི་གཙོ་བོར་སེམས་བྱུང་སེམས་པའམ་ལས་ལ་གོ་
དགོས།
འདུ་བྱེད་པ། (4) བྱ་བ་བྱེད་པ། (2) རྩོལ་བ་བྱེད་པ། (8)སྐྱེད་པར་བྱེད་པ།
འདུ་འབྲལ། འཚོགས་པ་དང་ཁ་འགྱེས་པ།
འདུ་འབྲལ་མེད་པ། བཀའ་རྙིང དབྱེར་མེད། བསལ་བཞག་མེད་པ། བླང་དོར་མེད་པ། དགག་སྒྲུབ་མེད་པ་
འཚོགས་པ་དང་ཁ་འགྱེས་པ་མེད་པ་རྣམས་འདྲ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཆན་གྱིས་ཀྱང་།
དབྱིངས་རིག་པ་དབྱེར་མེད་ཐབས་ཤེས་འབྲེལ། འདི་འདུ་འབྲལ་མེད་པའི་གྲོགས་སུ་བཟང་། ཞེས་
གསུང་ས།
འདུ་ཤེ ཡུལ་གྱི་ཁྱད་པར་རམ་སྤུ་རིས་རྣམས་མ་ནོར་བར་སོ་སོར་འབྱེད་ནས་འཛིན་པའི་སེམས་བྱུང་ང་ངོ་། དེ་
ལ་མཆན་
མར་འཇིན་པ་ཞེས་ཀྱང་བྱ་སྟེ། ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མའམ་ཁྱད་པར་མ་ནོར་
འབྱེད་ནས་འཛིན་པས་དེ་སྐད་ཅེས་བྱ་སྟ། མཛོད་རྩ་བ་ལས། ཚོར་བ་མོང་བའོ་འདུ་ཤེས་ནི། མཚན་མར་
འཇིན་པའི་བདག་ཉིད་དོ། ཞེས་གསུངས་པ་ལྟར་རོ། མཆན་མར་འཇིན་ཞེས་པ་ནི། ཁྱད་པར་འཛིན་
ཞེས་པ་དང་དོན་གཅིག
འདུ་ཤེས་དྲུག ཆོས་ཉན་ཚུལ་ཞིག་སྟེ། རང་ལ་ནད་པ་ལྟ་བུའི་འདུ་ཤེས། དམ་པའི་ཆོས་ལ་སྨན་གྱི་འདུ་ཤེས།
དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས། ནན་ཏ་ན་ཉམས་སུ་བླང་པ་ལ་ནད་འཚོ་བའི་འདུ་
ཤེས།
དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤས། ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་
དང་དྲུག་གོ།
འདུ་ཤེས་མེད་པ། འདུ་ཤེས་མེད་པའི་སྙོམས་འཇུག་གི་སྟོབས་ཀྱིས་ཐོབ་པས་བསམ་གཏན་བཞི་པའི་གནས་
གཞན་འབྲས་བུ་ཆེ་བའི་ནང་ཚན་དུ་གྱུར་པའི་འཇུག་ཤེས་ཚོགས་དྲུག་འཁོར་བཅས་མངོན་གྱུར་འགགས་


*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*