www.dharmabook.ru tibetan OCR


355
འདུ་གསུམ་པ། འདུ་ཤེས་གསུམ་པ་དང་འདྲ།
འདུག་གནས་སུ་ཟས་ཟ་ས་ཟ་བའི་ལྟུང་བྱེད་། འབའ་ཞིག་པ་དགུ་བཅུའི་སོ་གཉིས་པ་ནི། མུ་སྟེགས་པའི་འདུག་གནས་
སུ་
ཞག་གཅིག་གནས་ཏེ་ཟས་གཉིས་ཟོས་པ།
འདུན་ཁང་། སྡོད་གནས།
འདུན་པ། ཡུལ་ངེས་ལྔའི་དང་པོ་ནི། བསམ་པའི་དངོས་པོ་ལ་དམིགས་ནས་དོན་དུ་གཉེར་བས་རབ་ཏུ་ཕྱེ་བའི་
སེམས་བྱུང་
ཞིག་ལ་ཟེར། བྱེད་ལས་ནི། བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའོ། དེ་ལ་དབྱེ་ན། སྡུག་པ་
དང་ཕྲད་པར་འདོད་པ
འི་འདུན་པ། དེ་དང་མི་འབྲལ་བར་འདོད་པའི་འདུན་པ། དོན་དུ་གཉེར་བའི་
འདུན་པ་དང་
གསུམ་མོ།
འདུན་པ་ཕྱིར་བསྒུར་གྱི་ལྟང་བྱེད། འབའ་ཞིག་པ་དགུ་བཅུའི་ལྔ་གསུམ་པ། དབེ་འདུན་ལས་ལ་འདུས་པ་ལ་
འདུན་པ་ཕུལ་ནས་རྗེས་སུ་ཕྱིར་བསྒྱུར་བའི་ཚིག་སྨྲས་པའི་དོན་གོ་བའོ།

འདུན་པ་འབུལ་བ། དབེ་སྦྱོང་ནད་པ་ད་ང་ལས་བྱེད་སོགས་གསོ་སྦྱོང་དང་དགག་དབྱེར་འདུར་མ་བཏུབ་པ་རྣམས།
དེ་དག་མ་བྱས་པའི་ཉེས་པ་ཁེགས་པ་དང་། ད་གེ་འདུན་གྱི་ལས་འཆགས་པར་བྱ་བའི་ཕྱིར། དགེ་འདུན་
གྱིས་བསྐོས་པའི་དགེ་
བྱོང་ལ་འདུན་པ་འབུལ་བའི་སྔགས་ཚིག་ལན་གསུམ་བརྗོད་པའོ། དེ་ལ་དད་པ་
འབུལ་བ་ཞེས་ཀྱང་བྱ། སྒྲ་བཤད་ནི། འདུན་པ་ནི་དད་པ་དང་འབུལ་བ་ནི་བྱེད་པ་སྟེ། ད་ད་པ་བྱེད་པ་ཞེས་
བྱ་བའི་དོན་ནོ།
དེ་ཡང་དགེ་འདུན་ཆོས་བཞིན་མཛད་པ་ལ། རྗེས་སུ་ཡི་རངས་བ། དེ་ལ་ཉེ་བར་ཕྱོགས་
པ།
ཁས་བླངས་པ། ཁས་ལེན་པར་བྱེད་པས་འདུན་པའམ་དད་པ་འབུལ་བ་ཞེས་བྱའོ། སྤྱིར་འདུན་པ་
དང་
ཡོངས་དག་དུས་གཅིག་ཏུ་འབུལ་ཡང་སྔ་ཕྱིར་ཡང་འབུལ་དུ་རུང་བར་སོ་ཐར་མདོའི་རྒྱ་འགྲེལ་རྣམས་
སུ་གསུང་ས།
འདུན་མ། (4) ཐབས་ཇུས། འཇིག་རྟེན་གྱི་འཚོ་ཐབས། འཇིག་རྟེན་གྱི་བྱ་གཞག། ད་པེར་ན། ཕ་དམ་པ་དེ་འདུན་
མ་མཁས་ཤིང་རང་བཞིན་དྲང་བ། ཞེས་པ་ལྟ་བུ། (2) བསམ་དོན། འདོད་དོན། གོ་འཕང་། ད་མིགས་
ཡུལ།
འཐོབ་བྱ། དཔེར་ན་རྗེ་བཅུན་མི་ལའི་རྣམ་མགུར་ལས། མ་བལྟས་པར་ཆོས་སྐུ་དེ་དུས་མཐོང་།
མ་བསྒྲུབས་པར་འདུན་མ་ལྷུན་གྱིས་གྲུབ། ཅེས་གསུང་ས་པ་ལྟ་བུ། གཞན་ཡ་ང་། རྗེའི་ལམ་གཙོ་རྣམ་
གསུམ་ལས།
གཏན་གྱི་འདུན་མ་མུར་དུ་སྒྲུབས་ཤིག་བུ། ཞེས་གསུངས་པ་ལྟ་བུའོ། (8) གྲོས་ཀྱི་མིང་།
འདུམ་པའི་གསོ་སྦྱོང་། གསོ་སྦྱོང་གི་བྱེ་བྲག་ཅིག་སྟེ། དགེ་འདུན་སྡེ་གཉིས་སུ་གྱེས་པ་འདུ་མ་བྱེད་ཀྱི་གསོ་བྱོང་།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*