|
356 འདུལ་བ། (4) འདུལ་བའི་སྡེ་སྣོད། (2) སྡེ་སྣོད་གསུམ། སྐབས་མང་པོར་འདུལ་བ་ཞེས་པ་འདུལ་བའི་སྡེ་སྣོད་ ཙ་མ་མིན་པར་སང་ས་རྒྱས་ཀྱིས་སེམས་རྒྱུད་འདུལ་བའི་ཐབས་སུ་གསུངས་པའི་སྡེ་སྣོད་གསུམ་ག་ལ་གོ་ དགོས་པ་ཡོད། (8) སེམས་རྒྱུད་འདུལ་བ། ལྟུང་བ་འདུལ་བ། ཉོན་མོང་ས་འདུལ་བ། འདུལ་བ་མདོར་བསྡུས། འདུལ་བའི་བསླབ་པ་རྣམ་པར་བཞག་པའི་བདག་ཉིད་དུ་གྲུབ་པ་གང་ཞིག། ལུང་ལས་བྱ་ བ་བྱེ་བྲག་བི་གསལ་ཀ་མ་གཏོད་པ། འདི་ལ་འདུལ་བ་རུང་མཐུན་གྱི་མདོ་ཡང་ཟེར། སྒྲ་བཤད་ནི། ཚུལ་ ཁྲིམས་སྟོན་པས་ན་འདུལ་བ། གསལ་ཀ་བཏོད་པ་ལ་ལྟོས་ནས་ཚིག་མདོར་བསྡུས་པས་ན་མདོར་བསྡུས་ ཞེས་བྱའོ། །འདུལ་བ་མདོར་བསྡུས་ནི། ལུང་ཕྲན་ཚིགས་ལས། སང་ས་རྒྱས་བཅོམ་ལྡན་འདས་ཀུ་ཤའི་ གྲོང་ཁྱེར་ན་གྱད་ཀྱི་ཉེ་འཁོར་ཤིང་སྭ་ལ་ཟུང་གི་ཆལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཡོངས་སུ་ མྱ་ང་ན་ལས་འདའ་བའི་དུས་ཀྱི་ཚེ་ན་ད་གེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ས་འདུལ་བ་རྒྱས་ པར་བསྟན་ན། མདོར་བསྡུས་ཏེ་མ་བསྟན་པས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ བཤད་ད་དོ། །དགེ་སློང་དག་ཁྱེད་ཀྱིས་ང་ས་སྔོན་གནང་བ་ཡང་མེད་བཀག་པ་མེད་པ་གང་ཡིན་པ་དེ། གལ་ཏེ་ མི་རུང་བ་བསྟན་ཅིང་རུང་བ་དང་མི་མཐུན་ན། རུང་བ་མ་ཡིན་པའི་ཕྱིར་སྤྱད་པར་མི་བྱའོ། །གལ་ཏེ་རུང་ བ་བསྟན་ཅིང་མི་རུང་བ་དང་མི་མཐུན་ན། རུང་བ་ཡིན་པའི་ཕྱིར་སྤྱད་པར་བྱ་སྟེ་འདི་ལ་འགྱོད་པར་མི་ བྱའོ། །ཞེས་པ་འདི་ཡིན། འདུལ་བ་ལུང་སྡེ་བཞི། སོ་སོར་ཐར་པའི་མདོའི་འགྲེལ་པ་བཞི་སྟེ། ལུང་རྣམ་འབྱེད། ལུང་གཞི། ལུང་ཕྲན་ ཚིགས། གཞུང་དམ་པ་སྟེ་བཞི། འདུལ་བའི་སྡེ་སྣོད། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་གསུང་རབ། འདུལ་བའི་རྩ་བཤད་ཕྱོགས་མཐན་གྱི་མདོ། འདུལ་བའི་མདོ་ལ། རྩ་བའི་མདོ། བཤད་པའི་མདོ། ཕྱོགས་ མཐུན་གྱི་མདོ་ད་ང་གསུམ། རྩ་བའི་མདོ་ནི། དགེ་སློང་ཕ་མའི་སོ་ཐར་གྱི་མདོ་ལྟ་བུ། བཤད་པའི་མདོ་ནི། ལུང་རྣམ་འབྱེད། ལུང གཞི། ལུང་ཕྲན་ཆེགས། གཞུང་དམ་པ་སྟེ་འདུལ་བ་ལང་སྡེ་བཞི་ལྟ་བུ། ཕྱོགས་ མཐུན་གྱི་མདོ་ནི། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། ལྟུང་ བ་སོ་སོའི་ལྕི་ཡང་སྟོན་པའི་མདོ། ཚུལ་ཁྲིམས་ལས་ཉམས་པའི་ལྟུང་བའི་ལྕི་ཡང་སྟོན་པའི་མདོ། སྦྱང་ས་ པའི་ཡོན་ཏན་སྟོན་པའི་མདོ། འཁར་བསིལ་དང་དེ་འཆང་བའི་མདོ། གཎྜིའི་མདོ་ལ་སོགས་པ་རྣམས་ སོ། ། * * * * * * * * * * * * * * * * * * * * * * * * * |