www.dharmabook.ru tibetan OCR


རྡོ་རྗེ་བཟླས་པ། རྡོ་རྗེ་ནི་མི་ཕྱེད་པའི་དོན་ཡིན་པས། ཡི་གེ་གསུམ་གྱི་གདང་ས་དང་རླུང་པི་གདངས་གཉིས་དབྱེར་
མེད་དུ་སྦྱར་ནས་
ཟློ་བས་དེ་སྐད་ཅེས་བྱ།
རྡོ་རྗེ་སེམས་དཔའ། ཕྱག་གཡས་རྡོ་རྗེ་སྙིང་གར་གསོར་ཤིང་། གཡོན་པའི་དྲིལ་བུ་དཀུ་ལ་བརྟེན་པ། ཞབས་
གཉིས་སྐྱིལ་མོ་ཀྲུང་གིས་བཞུགས་པ།
སྐུ་མདོག་དཀར་གསལ་ཟླ་བའི་མདོག་ཅ་ན། སྡིག་སྒྲིབ་བྱོང་བ་ལ་ས་
ཕྱོད་
ཤིན་ཏུ་ཆེ་བའི་ཡི་དམ་ཞིག དེ་ལ་ལྷ་ཡབ་རྐྱང་དང་། ཡུམ་བཅ་ས་གཉིས་ཡོད། སྒྲ་བཤད་ནི། བདེ་
སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་
དཔལ་དང་ལྡན་པའི་ཟུང་འཇུག་ནི་ངེས་དོན་གྱི་རྡོ་ཆེ་དང་། དེ་ཉིད་
གཟུགས་སྐུའི་རྣམ་པ
ར་ཤར་བས་ན་སེམས་ད་པའོ།
རྡོ་རྗེ་སེམས་དཔའི་ཏིང་ངེ་འཇིན། ཐབས་ཤེས་ད་བྱེར་མེད་ཀྱི་རྣལ་འབྱོར། དེ་ལ་སྔགས་ཀྱི་སྐབས། བྱང་ཆུབ་ཀྱི་
སེམས་ཞེས་ཀྱང་བྱའོ།
རྗེའི་སྔགས་རིམ་ཆེན་མོ་སོགས་ལ་གཞི་བྱས།
རྡོ་རྗེ་སེམས་དཔའི་དྲིལ་བུ། བ་ལང་ཁའམ་ཆུ་སྲིན་གྱི་ཁའི་མུ་ཏིག་ཕྲེང་བ་གཉིས་ཀྱི་བར་དུ་རྡོ་རྗེ་ཕྲེང་བས་བསྐོར་
བའི་
དྲིལ་བུ། རྡོར་དྲིལ་གྱི་མཚོན་དོན་ལ་གཟིགས།
རྡོ་རྗེ་སེམས་ད་པའི་རྡོ་རྡོ་རྗ། རྡོ་རྗེ་དམར་པོ་རྩེ་ལྔ་པ་ལ་ཟེར། རྗེའི་རྡོ་རྗེ་འཆང་པི་གོ་འཕང་བརྙེས་པར་བྱེད་པའི་
ལམ་ལ་སློབ་
ཚུལ་ན་གསལ། རྡོར་བྲིལ་གྱི་མཚོན་དོན་ལ་གཟིགས།
རྡོ་རྗེ་སེམས་དཔའི་རྣལ་འབྱོར། རྡོ་རྗེ་སེམས་དཔའི་ཏིང་ངེ་འཇིན་དང་དོན་འདྲ། རྡོ་རྔེ་སེམས་དཔའི་ཏིང་ངེ་འཛིན་
ལ་གཟིགས།
རྡོ་རྗེ་གསུམ། རྒྱལ་བའི་སྐུ་གསུང་ཐུགས་གས་གསུམ། སླུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་ཇེ་དང་གསུམ། སྒྲ་བཤད་ནི།
དབྱེར་མི་ཕྱེད་པའི་དོན་གྱིས་ན་རྡོ་རྗེ་སྟེ། ཟུང་འཇུག་པའི་སྐུ་དང་ཐུགས་ངོ་བོ་དབྱེར་མི་ཕྱེད་པའི་དོན་ནོ།
རྡོ་རྗེའི་སྐུ། ༿དག་ལུགས ཟག་མེད་ཀྱི་རླུང་འོད་ཟེར་ལྔ་པས་ཉེར་ལེན་བྱས་ཏེ་ཤིན་ཏུ་ཕྲ་བའི་རླུང་སེམས་ཙ་མ་
ལས་གྲུབ་པའི་
དག་པའི་སྒུ་ལུས་ལ་ཟེར། དངུལ་ཆུ་ཅྭཱརྨ་བྷ་དྲའི་གསུང་ལྟར་བཀོད། ༿ བཀའ་བརྒྱུད ཟག་
པ་དང་བཅས་པའི་ལུས་
ཉིད་དང་ས་མའི་ཁམས་སུ་རིམ་པར་སྦྱང་ས་པ་ལས་ཟག་མེད་ཀྱི་སྐུ་བྱུང་བ་ཉིད་ལ་
རྡོ་རྗེའི་སྐུ་ཞེས་བྱ། ཡང་ན། རླུང་སེམས་ཙ་མ་ལས་གྲུབ་པའི་ལྷ་སྐུ་ལ་ཟེར།
རྡོ་རྗེའི་ཐེག་པ། སྔགས་ཀྱི་ཐེག་པ། སྒྲ་བཤད་ནི། ཐབས་ཤེས་དབྱེར་མི་ཕྱེད་པའི་ལྷ་ཡི་རྣལ་འབྱོར་ལ་རྡོ་རྗེ་ཞེས་བྱ་
ལ།
དེའི་སྟོབས་ཀྱིས་རྡོ་རྗེ་གསུམ་མངོན་དུ་བྱེད་པས་རྡོ་རྗེའི་ཐེག་པ་ཞེས་བྱའོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*