www.dharmabook.ru tibetan OCR


37
སྡུག་བསྔལ། ངདུཿཁ» ཚོར་བ་གདུང་བ། སྒྲ་བཤད་ནི། སྡུག་ནི་ཡིད་ལ་སྡུག་པ། བསྔལ་ནི་ང་ལ་བ་དང་འགབ་པའི་
དོན་ཏེ། ལུས་དང་སེམས་བདེ་བར་གནས་པ་ནི་ཡིད་ལ་སྡུག་པ་ཡིན་ལ། དེ་ང་ལ་བའམ་འགབ་པ་ནི་ནུས་
པ་ཉམས་
ཏེ་མི་མངོན་པར་གྱུར་པ་སྟེ། གདུང་བ་མངོན་དུ་གྱུར་པའི་དོན་ཡིན་པར་མཁས་པ་འགའ་གསུང་།
བྲ་ཏི་དགོ་བཤེས་རིན་ཆེན་གྲུབ་ཀྱི་བསྟན་འབར་མའི་རྣམ་བཤད་ལས་ཀྱང་དེ་ད་ང་འདྲ་བར་གསུང་། ཡང་
ན།
[རྔེ་གུང་ཐང་པས སྡུག་ནི་གདུང་བ། བསྔལ་ཞེས་པ་གདུང་བ་དེ་ཉིད་ཀྱིས་བཅོམ་ཞིང་ཉམ་ཐག་པར་བྱས་
པ་ལ་སྦྱར་ན་རྒྱ་སྐད་ཀྱི་ངེས་ཚིག་དང་ཡང་མཐུན་པས་ལེགས་སམ་སྙམ་
སྟེ་ད་པྱད་པར་བྱའོ་གསུང་ས།
དུཁའི་ངེས་ཚིག་གི་སྐོར་རྒྱས་པར། རྗེ་བུང་ཐང་པའི་བསྟན་འབར་མའི་རྣམ་བཤད་དུ་བལྟ་བར་བྱའོ།
སྡུག་བསྔལ་བ། (1) སྡུག་བསྔལ་གྱིས་མནར་བ། སྡུག་བསྔལ་དང་ལྡན་པ། (8) ལས་ཉོན་གྱིས་གཞན་དབང་ཅ་ན།
སྡུག་བསྔལ་ད་ང་སྡུག་བསྔལ་བ་གཉིས་ཀྱི་ཁྱད་པར་ནི། སྡུག་བསྔལ་ལ་ཚོར་བ་ཡིན་དགོས། སྡུག་བསྔལ་བ་ལ་
ཚོར་བ་ཡིན་མི་དགོས་པ་ནི་ཟག་བཅ་ས་ཉེར་ལེན་གྱི་གཟུགས་ཕུང་ལྟ་བུའོ།
སྡུག་བསྔལ་ག་སུ སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་
གསུམ།
ཚོར་བ་སྡུག་བསྔལ་ནི། སྡུག་བསྔལ་གྱི་སྡུག་བསྔལ། ཟག་བཅ་ས་ཀྱི་ཚོར་བ་བདེ་བ་ནི། འགྱེར་བའི་
སྡུ
ག་བསྔལ། ཚོར་བ་བཏང་སྙོམས་ནི། འདུ་བྱེད་ཀྱི་སྡུག་བསྔལ་ཡིན། སྡུག་བསྔལ་གསུམ་དང་ཚོར་བ་
གསུམ་
བྱོར་ཚུལ་འདི་བྱང་ཚུབ་ལམ་རིམ་ཆེན་མོར་གསུངས། སྤྱིར་འདུ་བྱེད་ཀྱི་སྡུག་བསྔལ་གྱི་མཆན་
གཞིར་
ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔ་ཀ་གཟུང་ངོ་།
སྡུམ་པ། ཁང་ཁྱིམ་གྱི་མིང་།
སྡུམ་ཆེས། ཁྱིམ་མཆེས་ཀྱི་མིང་།
སྡེ་སྣོད། ཛིཔ་ཊ་ཀཌ གསུང་རབ། གོང་བུ་དང་། བྲེ་བོ་ཆེ་ལ་འཇུག། དོན་མང་པོ་འདུས་པས་བྲེ་བོ་ཆེ་ལྟ་བུ་སྟེ། བྲེ་
བོ་ཆེ
ར་བྲེའུ་ཆུང་མང་པོ་འདུས་པ་བཞིན་ན་ནོ། སྒྲ་བཤད་ནི། བརྗོད་བྱ་དོན་གྱི་སྡེའམ་ཚོགས་སམ་རིགས་
མང་པོ་
འདུས་པའི་ཕྱིར་སྡེ་སྣོད་ཅེས་བྱ། ཡང་ན་ཤེས་བྱའི་དོན་ཐམས་ཅད་བརྗོད་བྱར་བསྡུས་པས་སྡེ་སྣོད་
ཅེས་བྱ་སྟེ། འབྲུ་ལ་སོགས་པའི་སྣོད་བཞིན་ནོ། ཐུའུ་བཀྭན་གྲུབ་མཐའ། བུ་སྟོན་ཐམས་ཅ་ད་མཁྱེན་པ་
དང་།
འཇམ་མགོན་ཀོང་སྤྲུལ་སོགས་ཀྱི་གསུང་ལ་གཞི་བྱས།
སྡེ་སྣོད་གསུམ། འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད་། མངོན་པའི་སྡེ་སྣོད་དང་གསུམ།
སྡེབ་སྲོར། (1)ཚིག་མཛེས་ཤིང་འཇེབས་པར་དགོད་པ། (2) ཆོས་གཉིས་གཞི་གཅིག་ཏུ་འདུམ་པར་བྱེད་པ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*