www.dharmabook.ru tibetan OCR


384
དུ་ཡོད་པ་ད་ལྟ་ཡང་ལྷང་ངེར་དྲན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཆན་གྱིས་ཀྱང་། དེ་ཕྱིར་མི་དགེ་
ཤིན་ཏུ་ཕྲ་མོ་ལའང་།
བག་དང་ལྡན་པས་སྐབས་དབྱེ་མི་བྱ་སྟེ། ནམ་མཁའི་དབྱིངས་ཀུན་འབེང་ས་འདྲའི་
སྣ་
གྲོ་ཐ། ས་བོན་ཏིལ་འབྲུ་ཙ་མ་གྱིས་བསྐྲུན་པ་ལགས། ཞེས་གསུངས་པ་ལྟར་རོ།
ད་གྲོ་དྷཱའི་ཀུན་དགའ་ར་བ། སྣ་གྲོ་ཅྭའི་སྐྱེད་མོས་ཆལ་དུ་བརྩིགས་པའི་གཅུག་ལག་ཁང་། འདུལ་བ་གཞིའི་རྒྱ་
ཆེར་འགྲེལ་ལ་ལས།
ན་གྲོ་ཅྭའི་ཀུན་དགའ་ར་བ་ན་ཞེས་བྱ་བ་ནི་གཅུག་ལག་ཁང་སྟེ། ཤིང་ལྗོན་པའི་ཆ་གྲོ་ཅྭས་
མཆོད་པའི་
སྐྱེད་མོས་ཚུལ་དུ་གཅུག་ལག་ཁང་བརྩིགས་པའི་ཕྱིར་རོ། ཞེས་གསུངས།
གནག (4) ནག་པོ། དབུ་སྒྲ་བུང་བ་ལྟར་གནག་ཅེས་པ་ལྟ་བུ། (2) ངན་པ། སེམས་གནག་ཅེས་པ་ལྟ་བུ། (8) ཕྱུགས་
རིགས།
(4) མང་པོ་དང་ལྡན་པའམ། མཐུག་པོ། མུན་པ་རབ་ཏུ་གནག་པ། སློབ་དཔོན་ཚུལ་ཁྲིམས་
བསྐྱང་ས་
གསུང་།
གནད་བ།ཅོད་ཀྱི་སྡུག་བསྔལ། (1)མཚོན་སོགས་ཀྱིས་གཅ་ད་གཏུབ་ཀྱི་སྡུག་བསྔལ། ད་པེར་ན་པཎ་ཆེན་བློ་བཟང་
ཆོས་རྒྱན་གྱི་རང་རྣམ་ལས། གནད་གཅོད་ཀྱི་མཚོན་རྣོན་དྲག་པོས་བསྣུན། ང་ན་སོང་པི་འཁྲུལ་སྣང་སྣ་
ཚོགས་ཤར།
སྔར་བྱས་ཀྱི་ལས་ལ་འགྱོད་ཅིང་མཚིར། ཨ་ཙ་མ་ཅི་བྱ་བཏོལ་མེད་གྱུར། ཞེས་གསུངས་
པ་ལྟ་བུ།
སྒྲ་བཤད་ནི། ལུས་ཀྱི་གནད་འགག་ཆེ་བའི་རྩ་རྣམས་གཅོད་པའི་སྡུག་བསྔལ་ཡིན་པས་དེ་ལྟར་
བཏགས།
(2) འཆི་བའི་ཚི་འཁྲུལ་སྣང་སྣ་ཚོགས་ཀྱིས་བསྐྱེད་པའི་ལུས་སེམས་ཀྱི་སྡུག་བསྔལ་ལ་ཟེར། རྗེའི་
ལམ་རིམ་ཆེན་མོ་ལས།
མི་དགེ་བ་ཆེན་པོ་བྱེད་པ་རྣམས་ནི། མཆན་མ་མི་སྡུག་པ་དེ་ད་ག་མཐོང་བས་
ལུས་ལ་སྡུག་བསྔལ་འབྱུང་ཞིང་སྤུ་ཟིང་ཞེས་བྱེད་པ་དང་།
རྐང་ལག་གཡོབ་པ་ད་ང་བཤང་གཅི་འབྱུང་བ་དང་
ནམ་མཁའ་ལ་རྙོབ་པ་དང་མིག་ལྡོག་པ་དང་ཁ་ནས་ད་བུ་བ་འབྱུང་བ་དང་དེ་འདྲ་བ་རྣམས་འབྱུང་ངོ་།
གལ་ཏེ་མི་དབེ་བ་འབྲིང་བྱེད་པ་ཡིན་ན་དེ་དག་ལས་ཁ་ཅིག་འབྱུང་ལ། ཁ་ཅིག་མི་འབྱུང་བས་རྫོགས་པར་
མི་འབྱུང་ང་ངོ་།
ལས་ཉེས་པ་བྱེད་པ་རྣམས་ལ་གནད་གཅོད་ཤིན་ཏུ་ཆབས་ཆའོ། གནད་གཅོད་ནི་ལྷ་ད་ང་
དམལ་བ་མ་གཏོགས་པའི་སྐྱེ་གནས་ཐམས་ཅ་ད་ལ་ཡོད་དོ། ཞེས་གསུང་ས་པ་ལྟར་རོ། སྒྲ་བཤད་ནི།
ལུས་ཀྱི་གནད་འགག་ཆེ་བའི་རྩ་རྣམས་གཅོད་པའི་སྡུག་བསྔལ་དང་འདྲ་བས་དེ་ལྟར་བཏགས། ཡང་རྗེའི་
གསུང་ལས།
དེའི་ཚེ་རྒྱལ་བ་འཁོར་བ་དང་བཅ་ས་པ་ལ་དམིགས་པའི་རབ་ཏུ་དད་པ་དྲག་པོ་སྐྱེས་ཏེ།
གནད་གཅོད་ཀྱི་སྡུག་བསྔལ་མེད་པ་དང་། ཞེས་གསུངས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*