www.dharmabook.ru tibetan OCR


394
ནམ་རྟོག་ལམ་དུ་སློང་བ། བཀའ་བརྒྱུད རྟོག་པ་ངོས་ཟིན་ནས་གང་ཤར་བའི་རྟོག་པ་དེ་ཉིད་ལ། སྤང་བླང་དགག་
སྒྲུབ་
བཅོས་བསླད་སོགས་མི་དགོས་པར་རྟོག་པ་དེ་ཀ་སྒོམ་དུ་ལྷང་གིས་འཆར་བ་ལ་ཟེར།
རྣམ་རྟོག་ཆོས་སྐུར་ཤར། བཀའ་བརྒྱུད དབུ་མའི་ལྟ་བ་རང་རྒྱུད་ལ་སྐྱེས་པ་དང་དོན་གཅིག ཆོས་ཅ་ན་མུ་གུ་
དང་རྣམ་རྟོག་སོགས་དེ་དག་དེའི་ཆོས་ཉིད་ལས་གཞན་དུ་མ་གྲུབ་པར་རྟོགས་པ་ན།
རྣམ་རྟོག་ཆོས་སྐུར་
ཤར་
ཞེས་བྱའོ། ཞེས་འབྱུང་། ཀརྨ་པ་དབང་ཕྱུག་རྡོ་རྗེའི་འཇུག་ཊིཀ་དགས་བརྒྱུད་གྲུབ་པའི་ཤིང་རྟ་ལས་
ཀྱང་དེ་བཞིན་དུ་གསུངས།

རྣམ་རྟོག་དང་བཅས་པའི་གཟུགས་བརྙན། ཁྱབ་པའི་ད་མིགས་པ་བཞིའི་དང་པོ་ནི། དེ་ལ་དམིགས་ནས་ལྷག་
མཐོང་པིས་དཔྱོད་པར་བྱེད་པའི་ཆེ་དཔྱོད་བྱེད་ཀྱི་རྣམ་རྟོག་ཡོད་པས་རྣམ་རྟོག་དང་བཅས་པའི་གཟུགས་
བརྙན་
ཞེས་བྱའོ། འདིའི་གཟུགས་བརྙན་ཞེས་པ་ནི། གང་ལ་དམིགས་པའི་དམིགས་པ་རང་མཆན་པ་དེ་
དངོས་མིན་པར་དེའི་རྣམ་པ་བློ་ལ་སྣང་བའོ།

རྣམ་རྟོག་མེད་པའི་གཟུགས་བརྙན། ཁྱབ་པའི་དམིགས་པ་བཞིའི་གཉིས་པ་ནི། ཞི་གནས་ཀྱིས་རང་གི་དམིགས་
པ་
དེ་ལ་དམིགས་ནས་མི་དཔྱོད་པར་སེམས་འཇོག་པའི་ཚེ་དཔྱོད་བྱེད་ཀྱི་རྟོག་པ་མེད་པས་རྣམ་རྟོག་མེད་
པའི་གཟུགས་བརྙན་
ཞེས་བྱའོ།
རྣམ་རྟོག་ལ་སྤྱོད་པའི་གཉེན་པོར་ད་བུགས་འབྱུང་རྔུབ། དེའི་ཚུལ་ནི། རླུང་ཕྱི་ནང་དུ་འགྲོ་བ་ལ་བགྲང་བ་དང་
ལྟ་བའི་སྒོ་ནས་སེམས་གཞན་དུ་མི་གཡེང་བར་ད་མིགས་པའོ།

རྣམ་ཐར། (4) སྐྱེས་བུ་དམ་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན། (2) དེ་དག་བཇོད་བྱར་བྱེད་པའི་བསྟན་བཅོས། (8)
རྣམ་པར་ཐར་པ་སྟེ། བཅིངས་པ་ལས་གྲོལ་བ། སྤྱོད་འཇུག་ལས། ཐོག་མེད་འཁོར་བར་བསགས་སྡིག་
ག་གིས།
བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། དེ་ཙམ་ཁོ་ན་མོང་གྱུར་ནས། དེ་ནི་ངན་འགྲོ་ལས རྣམ་ཐར་མི་
འགྱུར་ཏེ།
ཞེས་གསུངས་པ་ལྟར་རོ། (1)མིང ཐར་པ་མྱང་འདས། སྒྲ་བཤད་ནི། རྣམ་ནི་རྣམ་པར་ཏེ།
ཡང་དག་པར། ལེགས་པར། རྫོགས་པར་ཞེས་པའི་དོན་ཡིན་ལ། ཐར་ནི་ཐར་པའོ། སྐྱེས་བུ་དམ་པ་
གང་གི་སྐུ་
གསུང་ཐུགས་ཀྱི་ཡོན་ཏན་རྣམས་གདུལ་བྱ་རྣམས་ཀྱིས་མཐོང་ན་ཡིད་འཕྲོག་ཅིང་། ཐོས་ན་ད་ད་
པ་སྐྱེ་
བ་སོགས་ཀྱིས་གདུལ་བྱའི་རྒྱུད་ལ་རྣམ་ཐར་རམ་ཐར་པའི་བག་ཆགས་འཇོག་པར་བྱེད་པས་ན་རྣམ་
ཐར་ཞེས་བྱའོ། ཡང་ན། སྐྱེས་པ་དམ་པ་གང་པིས་རྣམ་གྲོལ་ཐར་པ་བསྒྲུབ་པ་ལ་དཀའ་སྤྱད་དང་སྙིང་རུས་
མཛད་ཚུལ་ལས་བརྩམས་ཏེ་བྲིས་པའི་ལོ་རྒྱུས་ཡིན་པས་ན་རྣམ་ཐར་ཞེས་བྱའོ། ཡང་བཀའ་བརྒྱུད་ཀྱི་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*