www.dharmabook.ru tibetan OCR


396
པའི་ཁྱད་པར་མ་བརྟགས་པར་གསལ་བར་སྣང་བ་པྲ་ཕབ་པ་ལྟ་བུར་མཐོང་བ། ངོ་བོའི་ཁྱད་པར་རྔུལ་ཕྲ་
རབ་
ཀྱི་ཆོས་ཉིད་ལས་འདས་པའི་ཡེ་ཤེས་ཀྱི་སྣང་བ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཡིན་པ་སྟེ་ལྔའོ།
སྔགས་བླ་མེད་ཐུན་མོང་མིན་པའི་སྦས་དོན་གྱི་སྒུ་ལུས་རླུང་སེམས་བདག་བྱིན་གྱིས་བརླབས་པའི་ལམ་གྱི་
རིམ་པ་དངོས་དེ་ཉིད་ཡིན་ནོ། བཀའ་བརྒྱུད་པའི་ལུགས་ལ། རྣམ་དག་སྒུ་ལུས་དང་། དག་པའི་སྒུ་ལུས་
གཉིས་ལ་
ཁྱད་པར་ཆེ་སྟེ། རྣམ་དག་སྒུ་ལུས་ནི་གོང་ལྟར་དང་། དག་པའི་སྒྱུ་ལུས་ནི། ཐ་མལ་གྱི་སྣང་བ་
བསལ་ཏེ་ལྷར་བསྒོམ་པ་ཙ་མ་
གྱི་དག་པར་བཞག་ཀྱང་ངོ་བོ་རྟོག་པས་བརྟགས་པའི་སྒོམ་པ་ཡིན་པས་ཤིན་ཏུ་
རྣམ་ད་ག་ག
མ་རྣམ་ད་ག་སྒུ་ལུས་ནི་མ་ཡིན་ནོ་ཞེས་འདོད་དོ།
རྣམ་བདུན་གྱི་རིགས་པ། ཤིང་རྟ་རང་གི་ཡན་ལག་དང་ གཅིག་ད་ང་ ཐ་དད། རྟེན་དང་ བརྟེན་པ།
ལྡན་པ། ཚོགས་པ། དབྱིབས་དང་བདུན་དུ་བཙ་ལ་བས་མི་རྙེད་ཀྱང་བཏགས་ཙ་མ་དུ་ཡོད་པར་སྒྲུབ་
པའི་རིགས་པའོ།
འདི་གང་ཟག་གི་བདག་འགོག་པའི་རིགས་པའི་གཙོ་བོར་རྗེའི་ལམ་རིམ་ཆེན་མོ་དང་
དྲང་ངེས་ལེགས་བཤད་སྙིང་པོ་སོགས་སུ་གསུངས། རིགས་པ་ད་ང་པོ་བཞི། མདོ་ལས་ཕྱི་རོལ་མུ་སྟེགས་པ་
འགོག་
བྱེད་དུ་གསུངས། ལྡན་པའི་རིགས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་བྱེ་མདོ་སོགས་འགོག་བྱེད་དུ་རྩ་བ་
ཤེས་རབ་ལས་གསུངས།
ཚོགས་པ་དང་དབྱིབས་སུ་མེད་ཚུལ་གྱི་རིགས་པ་ནི། དཔལ་ལྡན་ཟླ་བས་སེམས་
ཙ་མ་
པ་དང་རང་རྒྱུད་པ་འགོག་བྱེད་དུ་དབུ་ལ་འཇུག་པར་གསུངས་ཞེས་ཀློང་རྡོལ་བླ་མའི་གསུང་འབུམ་ན་
གསལ།
རྣམ་འདྲེན། (4) འཁྲིད་པའམ་འཐེན་པ། (2) སངས་རྒྱས། སྒྲ་བཤད་ནི། ངན་སོང་གསུམ་ལས་འདྲེན་ཞིང་བདེ་
བ་ལ་འཇོག་
པ་ས་དེ་ལྟར་དུ་བརྗོད།
ནམ་སྣང་གི་ཆོས་བདུན་ནམ་བརྒྱད། རྐང་ལག་རྐེད་མཆུ་མགོ་མིག་ཕྲག དབུགས་བགྲང་པ་དང་བརྒྱད་ཡིན་
ནོ།
ཞེས་གསུངས་པ་ལྟར། རྐང་པ་རྡོ་རྗེ་སྐྱིལ་ཀྲུངང་མ་ཕྱེད་སྐྱིལ། ལག་གཉིས་མཉམ་གཞག
རྐེད་པ་མདའ་ལྟར་བསྲང་། མཆུ་སོ་རང་བབས་སུ་བཞག མགོ་བོ་ཅུང་ཟད་དགུག མིག་སྣ་
རྩེར་ཕབ།
ཕྲག་པ་གཉིས་མཐོ་དམའ་མེད་པར་དྲ་ང་པོར་བ་སྲང་། ད་བུགས་བགྲང་པ་དང་བརྒྱད་
དོ།
སྒྲ་བཤད་ནི། ལུས་ཀྱི་འདུག་ལུགས་དེ་དག་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་བཞུགས་སྟང་ས་དང་
མཐུན་པས་དེ་སྐད་ཅེས་
བཏགས་པའོ། རྐང་པ་རྡོ་རྗེ་སྐྱིལ་ཀྲུངང་མ་ཕྱེད་སྐྱིལ། རྐང་པ་རྡོ་རྔེ་སྐྱིལ་ཀྲུང་བྱེད་
པ་ནི།
རྡོ་རྗེ་ནི་མི་ཆོད་པ་དང་མི་ཚུགས་པའི་དོན་ཡིན་པས། བར་གཅོད་ཀྱིས་མི་ཚུགས་པའི་ད་གོས་པ་དང་རྟེན་འབྲེལ་ཡོད
་གཞན་ཡ་ང་།
རྫོགས་རིམ་སྐབས་སྐྱིལ་ཀྲུང་བཞི་ལྡན་བསྒྲུབ་པའི་རྟེན་འབྲེལ་འཇོག། གཞན་ཡང་། ཀརྨ་པ་དབང་ཕྱུག་རྡོ་རྔེའི་ངེས་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*