www.dharmabook.ru tibetan OCR


401
རྣམ་པར་ར་ག་པ་ཙམ་དུ་སྨྲ་བ། སེམས་ཙམ་པ། སྒྲ་བཤད་ནི། ཕྱི་རོལ་མེད་ཅིང་ཆོས་རྣམས་རྣམ་པར་ཤེས་
པའི་
བདག་ཉིད་ཙམ་དུ་སྨྲ་བས་དེ་སྐད་ཅེས་བྱ་སྟེ། དཔེར་ན། རྨི་ལམ་ན་ཁང་ཁྱིམ་ལ་སོགས་པའི་དོན་མེད་
ཀྱང་།
ནང་གི་རྣམ་པར་ཤེས་པ་ཉིད་ཁང་ཁྱིམ་དང་ནགས་ཚལ་དང་ས་དང་རི་ལ་སོགས་པའི་དོན་སྣ་
ཚོགས་ཀྱི་རྣམ་པར་སྣང་
བ་བཞིན་ནོ།
རྣམ་པར་ཤེས། (4) ཡ་ང་དག་པར་ཤེས་པ། (2) རྣམ་ཤེས་ད་ང་དོན་གཅིག
རྣམ་དཔྱད་ནམ་པ་བདུན། རྣམ་བདུན་གྱི་རིགས་པ་ལ་གཟིགས།
རྣམ་དཔྱོད་དང་ལྡན་པའི་ཞེན་ཁོག། ཆགས་སྡང་གི་བློ་དོར་ཏེ། རང་རང་གི་རྩིས་ཞེན་ཆེན་པོ་བྱེད་རྒྱུའི་ཆོས་
བརྒྱུད་གྲུབ་མཐའ་དེ་ཉིད། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱེད་
པ་ལ་ཟེར།
ཚིག་འདི་གོང་ས་སྐྱབས་མགོན་ཆེན་པོས་གསར་གཏོད་མཛད།
རྣམ་ད་པྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས། རྗེ་ཙོང་ཁ་པ་ཆེན་པོའི་ད་ངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བའི་
མཁས་པ་གཉིས་ནི།
མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་དང་། མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་ནི་སེར་
བྱེས་
མཁས་སྙིན་གྲྭ་ཚང་ཕྱག་འདེབས་པ་པོ་ཡིན་ཞིང་། ཡོངས་གྲགས་སུ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་ཞེས་བྱ། ཞང་
ཞུང་བ་ཆོས་དབང་
གྲགས་པ་གཉིས་ས་སོ།
རྣམ་སྨིན་གྱི་རྒྱུ། རྒྱུ་དྲུག་གི་ཐ་མ་ནི། མི་དགེ་བ་དང་དགེ་བ་ཟག་བཅ་ས་གང་རུང་གིས་བསྡུས་པའི་ཆོས། དཔེར་ན།
སྲོག་གཅོད་ཀྱི་ལས་ལྟ་བུ།
རྣམ་སྨིན་གྱི་རྒྱུ་བརྒྱད། སེམས་ཅན་ལ་མི་འཆེ་བ་དང་མི་འཆེ་བའི་བསམ་པ་བསྟེན་པ། མར་མི་ལ་སོགས་
འི་སྣང་བ་དང་གོས་གསར་པ་སྦྱིན་པ། ང་རྒྱལ་བཅོམ་ནས་བླ་མ་ལ་སོགས་པ་ལ་ཕྱག་ལ་སོགས་པ་དང་
གཞན་ལ་བྲན་ལྟར་གུས་པར་བྱས་པ།
ཟས་གོས་ལ་སོགས་པ་སློང་བ་ལ་དེ་དག་སྦྱིན་པ་དང་མི་སློང་ཡང་
ཕན་འདོགས་པ་དང་།
སྡུག་བསྔལ་བ་དང་ཡོན་ཏན་གྱི་ཞིང་ཡོ་བྱད་མེད་པ་ལ་ཕར་སྦྱིན་པ། ངག་གི་མི་
དགེ་བ་བཞི་སྤོང་བ་ལ་གོམས་པ།
ཕྱི་མ་ལ་རང་ལ་ཡོན་ཏན་སྣ་ཚོགས་བསྒྲུབ་པར་སྨོན་ལམ་འདེབས་
ཤིང་དཀོན་མཆོག་གསུམ་ལ་མཆོད་པ་དང་ཕ་མ་དང་ཉན་རང་དང་མཁན་སློབ་དང་བླ་མ་ལ་མཆོད་པར་
བྱེད་པ།
སྐྱེས་པའི་ཡོན་ཏན ལ་དགའ་བ་དང་བུད་མེད་ཀྱི་དངོས་པོ་ལ་མི་དགའ་ཞིང་ཉེས་དམིགས་སུ་
ལྟ་བ་དང་བུད་མེད་ཀྱི་ལུས་འདོད་པ་རྣམས་འདུན་པ་བཟློག་པ་དང་ཕོའི་དབང་པོ་གཅོད་པ་རྣམས་ཐར་བར་


*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*