www.dharmabook.ru tibetan OCR


403
ནམ་བཞག། ༿གཏན་ལ་ཕབ་པ། ༿ སྐོར། དཔེར་ན་སྟོང་ཉིད་ཀྱི་རྣམ་བཞག་ཅེས་པ་ལྟ་བུ། སྒྲ་བཤད་ནི། ཡང་
དག་པར་གཏན་ལ་ཕབ་པ་ཡིན་
པས་རྣམ་བཞག་ཅེས་བྱ་སྟེ། རྣམ་ནི་རྣམ་པར་ཏེ་ཡང་དག་པ། བཞག་ནི་
གཏན་ལ་ཕབ་པའི་དོན་ན་ནོ།
རྣམ་གཡེང་། ཉེ་ཉོན་ཉི་ཤུའི་ཐ་མ་ནི། དུག་གསུམ་གང་རུང་གི་ཆར་གཏོགས་གང་ཞིག དམིགས་པ་ལ་ས་མས་
འཕྲོ་བ
ར་བྱེད་པས་རབ་ཏུ་ཕྱེ་བའི་རིག་པའོ།
རྣམ་ཤེས། ཡུལ་གྱི་ངོ་བོ་གཙོ་བོར་རིག་པའི་ཤེས་པ། མཛོད་རྩ་བ་ལས། རྣམ་ཤེས་སོ་སོར་རྣམ་རིག་པ། ཞེས་
གསུངས།
སེམས། ཡིད། རྣམ་ཤེས་རྣམས་དོན་གཅིག
རྣམ་ཤེས་ཀྱི་ཟས། ཡིད་ཀྱི་རྣམ་ཤེས་དང་དོན་གཅིག། སྒྲ་བཤད་ནི། དེས་ལུས་སྲོག་གནས་པར་བྱེད་པས་ཟས་
དང་བྱེད་
ལས་མཚུངས་པས་ཟས་ཞེས་བཏགས། དེ་ཡང་རྣམ་ཤེས་ལུས་ལས་ཐོན་ན་ལུས་ཀྱི་དྲོད་ཉམས་
པ་དང་
རུལ་པ་ལ་སོགས་པས་ལུས་གནས་མི་ཐུབ་པ་ལྟ་བུའོ།
རྣམ་ཤེས་གྲངས་མཉམ་པ། གཟུང་འཛིན་གྲངས་མཉམ་པ་དང་འདྲ།
རྣམ་ཤེས་ཚོགས་བརྒྱད། རྣམ་ཤེས་ཚོགས་དྲུག་གི་སྟེང་དུ། ཀུན་གཞིའི་རྣམ་ཤེས་དང་། ཉོན་ཡིད་བསྣན་པའི་
བརྒྱད་དོ།
རྣམ་ཤེས་ཚོགས་དྲུག། མིག་གི་རྣམ་ཤེས། རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམ་
ཤེས།
ཡིད་ཀྱི་རྣམ་ཤེས་དང་དྲུག་ག་གོ།
རྣལ་འབྱོར་། (4) སེམས་མཉམ་པར་གཞག་པ། ཏིང་ངེ་འཇིན། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན། སྒྲ་བཤད་ནི།
རྣལ་ནི་རྣལ་མ་སྟེ་ཡང་དག་པ་དང་། འབྱོར་ནི་མཉམ་དུ་སྦྱོར་བའི་དོན་ཡིན་པས། ཡང་དག་པར་སྦྱོར་བ་
སྟེ།
ཞི་གནས་དང་ལྷག་མཐོང་གཉིས་ཡང་དག་པར་ཟུང་དུ་འབྲེལ་བའམ་སྦྱོར་བས་ན་རྣལ་འབྱོར་རོ། (2)
ལམ། (8) ཉམས་ལེན། དཔེར་ན། ལྷའི་རྣལ་འབྱོར། ཞེས་པ་ལྟ་བུ།
ནལའ་བྱོར་རྒྱུད། རྒྱུད་སྡེ་འོག་མ་གསུམ་གྱི་ཡ་གྱལ་ཏེ། ཕྱི་ནང་གི་རྣལ་འབྱོར་གཉིས་ལས་ནང་གི་རྣལ་འབྱོར་གཙོ
ཞིང་བསྒོམ་པའི་ལྷ་མོ་དང་བལྟ་བ་དང་། རྒོད་པ་དང་། ལག་བཅངས་ཀྱི་བདེ་བ་ལམ་བྱེད་ནུས་ལ། དངོས་
ཀྱི་རིག་མའི་
བདི་བ་ལམ་བྱེད་མི་ནུས་པ་ལ་དེ་ཙམ་གྱི་ཆགས་པ་ལམ་བྱེད་སྟོན་པ་རྣལ་འབྱོར་རྒྱུད།
རྣལ་འ་བྱོར་པ། (4) ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ནི་རྣལ་འབྱོར་ཡིན་ལ། དེ་གང་ལ་ལྡན་པ་ནི་རྣལ་འབྱོར་
པའོ།
དགེ་བ་ལྷའི་སྤྱོད་འཇུག་འགྲེལ་པ་ལ་གཞི་བྱས། རྗེའི་ལམ་རིམ་ཆེན་མོ་ལས། རྣལ་འབྱོར་པ་ནི་ཞི་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*