www.dharmabook.ru tibetan OCR


404
ལྷག་གང་རུང་རྙེད་པ་ཞིག་ལ་བྱེད་པའི་ཕྱིར། ཞེས་གསུངས། (2) ལམ་ཉམས་སུ་ལེན་མཁན། སྒྲ་བཤད་ནི་
གོང་དུ་རྣལ་འབྱོར་གྱི་ཐད་དུ་གཟིགས།
རྣལ་འབྱོར་པའི་ད་མིགས་པ་བཞི། ཁྱབ་པའི་དམིགས་པ། སྤྱད་པ་རྣམ་བྱོང་གི་དམིགས་པ། མཁས་པའི་
ད་མིགས་པ།
ཉོན་མོངས་རྣམ་སྦྱོང་གི་དམིགས་པ་དང་བཞིའོ།
རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ། ཐ་སྙད་དུ་ཕྱི་རོལ་དོན་གྱིས་སྟོང་པའི་རྣམ་པར་རིག་པ་ཙམ་གྱི་ཚུལ་
དང་
མཐུན་པར་འདོད་པའི་དབུ་མ་པ་ཡིན་པས་ན་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་བྱའོ།
རྣལ་འབྱོར་ཕའི་རྦུད། འོད་གསལ་འཆར་བའི་གནས་སྙིང་གར་རླུང་རིམ་གྱིས་སྡུད་པའི་རིམ་པ་ལས་ལུགས་
འབྱུང་གི་སྟོང་པ་བཞི་དང་། དེ་ནས་ཕྱིར་ལ་ལྡང་བའི་རིམ་པ་ལས་ལུགས་བཟློག་གི་སྟོང་པ་བཞིའི་སྒོ་ནས་
སྟོང་པའི་ཡེ་ཤེས་སྐྱེ་ཚུལ་དང་། འོད་གསལ་གྱི་རླུང་འོད་ཟེར་ལྔ་ལས་ཀུན་རྫོབ་སྒུ་མའི་སྐུ་སྤྲུལ་ཚུལ་གཙོ་
བོར་སྟོན་པས་རྣལ་འབྱོར་
ཕའི་རྒྱུད་ཅེས་བྱའོ། སྒྲ་བཤད་ནི། སྟོང་པའི་ཡེ་ཤེས་དང་རླུང་ལས་བསྒྲུབས་
པའི་སྐུ་
གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡང་ཡིན་ལ། གཙོ་བོར་གཟུགས་ཀྱི་སྐུ་སྒྲུབ་བྱེད་
སྣང་
ཕྱོགས་ཐབས་ཀྱི་ཆ་ཡིན་པས་ཕ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། ཞེས་རྗེའི་མཐའ་གཅོད་རིན་པོ་ཆེའི་མུ་
གུ་ལ
ས་གསུང་ས།
རྣལ་འཔྱོར་བླ་ན་མེད་པའི་རྒྱུད། བླ་མེད་ཀྱི་རྒྱུད་དང་དོན་གཅིག། ཐབས་ཤེས་གཉིས་སུ་མིད་པའི་དོན་སྟོན་ཞིང་།
རྒྱུད་སྡེ་ཀུན་གྱི་རྩེ་མོར་གྱུར་པའི་རྒྱུད་སྡེ་ཞིག། སྒྲ་བཤད་ནི། ཐབས་བདེ་བ་ཆེན་པོའི་ཡེ་ཤེས་དང་། སྟོང་
ཉིད་རྟོགས་པའི་ཤེས་རབ་གཉིས་
ད་བྱེར་མེད་དུ་ཡང་ད་ག་པར་སྦྱོར་བས་ན་རྣལ་འབྱོར། དེའི་གོང་ན་བླ་
མེད་ཀྱི་རྒྱུད་སྡེ་གཞན་
མིད་པས་ན་བླ་ན་མེད་པའི་རྒྱུད་ད་དོ། མཁས་གྲུབ་ཆོས་རྗེའི་དུས་འཁོར་གྱི་འགྲེལ་པ་
ལ་གཞི་བྱས།
ནལ་འབྱོར་མའི་རྦུད། ཀུན་ཏ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ནོར་བུའི་བར་དུ་བྱུང་བའི་ཡས་བབས་
དང་།
དེ་ནས་སྤྱི་གཅུག་ཏུ་ལོག་པའི་མས་བརྟན་གྱི་དགའ་བ་བཞི་སྐྱེ་ཚུལ་དང་། ཕྱག་རྒྱ་ཆེན་པོ་ལྷན་ཅིག་
སྐྱེས་པའི་
བདེ་བ་དང་སྟོང་པ་གཉིས་དབྱེར་མི་ཕྱེད་པར་སྦྱོར་བའི་སྒོ་ནས་དོན་དམ་པའི་དེ་ཁོ་ན་ཉིད་ལ་རབ་
ཏུ་འཇུག་པའི་
རྟོགས་པ་གོང་ནས་གོང་དུ་བགྲོད་པའི་རིམ་པ་གཙོ་བོར་སྟོན་ཞིང་། བདེ་བ་ཆེན་པོའི་ཡེ་ཤེས་
ཀྱི་
བཞོན་པའི་རླུང་འོད་ཟེར་ལྔ་ལས་ཀུན་རྫོབ་སྒུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་མི་སྟོན་པ་ནི་རྣལ་འབྱོར་མའི་
རྒྱུད་
ཅེས་བྱའོ། སྒྲ་བཤད་ནི། ལྷན་སྐྱེས་ཀྱི་ཤེར་ཕྱིན་ཆོས་སྐུ་སྒྲུབ་པའི་ཐབས་འདི་ནི་བདེ་སྟོང་དབྱེར་མེད་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*