www.dharmabook.ru tibetan OCR


408
ཅད་དང་བྲལ་ཞིང་ཀུན་ལ་ཁྱབ་པ་སོགས་སྟོན་ཕྱིར། ནམ་མཁའ་ནི་དགེ་བའི་བཤེས་གཉེན་ཏེ། དེ་ལྟར་
འབྱུང་བ་དང་འབྱུང་འགྱུར་སོགས་ཕྱི་ནང་གི་དངོས་པོ་ཐམས་ཅད་བླ་མར་མ་གྱུར་པ་མེད་།
ཅེས་ཕྱག་ཆེན་
ཁྲིད་ཡིག་ངེས་དོན་རྒྱ་མཚོར་གསལ་བ་ལྟར་བཀོད།
སྣང་བ་སེམས། སེམས་སྟོང་པ། སྟོང་པ་ལྷུན་གྲུབ། ལྷུན་གྲུབ་རང་གྲོལ། བཀའ་བརྒྱུད ཕྱག་ཆེན་གྱི་ངོ་སྤྲོད་རྣམ་པ་
བཞི།
ཕྱག་ཆེན་གྱི་གནད་ཐམས་ཅད་ངོ་སྤྲོད་རྣམ་པ་བཞིའི་ནང་དུ་འདུ་བ་ཡིན། དེ་དག་ནི་དོན་ན་ནི། ཡུལ་
སྣང་ཐམས་ཅད་
ཆུ་དང་རླབས་ལྟར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས་དོན་དུ་གང་ཡང་མ་གྲུབ་པར་
རྟོགས་པ་སྣང་བ་སེ
མས་སུ་ངོ་འཕྲོད་པ་ཨིན། སེམས་དེའི་ངོ་བོ་འགྲོ་གནས་འབྱུང་གསུམ་ལ་དཔྱད་པས་
གང་དུའང་མ་གྲུབ་པ་རྨི་ལམ་གྱི་རྟ་གླང་ལྟར་དོན་ལ་མ་གྲུབ་པར་རྟོགས་པས་སེམས་སྟོང་པར་ངོ་འཕྲོད་པ་
ཡིན།
སྟོང་བཞིན་གསལ་དངས་ཀྱི་ངང་ནས་འགག་མེད་དུ་སྣ་ཚོགས་ལྷུན་གྲུབ་ཏུ་འཆར་བ་ཆུ་ནང་གི་ཟླ་བ་
ལྟར་
རྟོགས་པས་སྟོང་པ་ལྷུན་གྲུབ་ཏུ་ངོ་འཕྲོད་པ་ཡིན། སྟོང་པ་ལྷུན་གྲུབ་ཏུ་ངོ་འཕྲོད་ཅེས་པ་འདི། དགེ་ལྡན་པའི་
བདེན་སྟོང་སྒྱུ་མ་ལྟ་བུ་དང་། བདེན་པར་མེད་ཅང་བྱ་བྱེད་ཀྱི་རྣམ་གཞག་འཐད་པ། ཀུན་རྫོབ་ཕྲ་མོ་རྟོགས་པ་ཞེས་པ་དང་དོན་
འདྲའོ། དེ་ལྟར་ལྷུན་གྱིས་གྲུབ་ཙམ་ནས་གསལ་རིག་སྟོང་པ་ལྷུན་གྲུབ་སྤྲོས་བྲལ་འགྱུར་མེད་བདེ་བ་ཆེན་པོ
་ལས་མ་
གཡོས་པར། སྦྲུལ་ལ་མདུད་པ་བོར་བ་ལྟར་ཤར་གྲོལ་དུས་མཉམ་པར་ངེས་པས་ལྷུན་གྲུབ་རང་
གྲོལ་དུ་ངོ་
འཕྲོད་པ་ཡིན། ཞེས་གསུངས་པ་ལྟར་རོ།
སྣང་བ་ལྷན་ཅིག་སྐྱེས་པ། བཀའ་བརྒྱུད ཕྱག་ཆེན་བརྡ་ཞིག། སེམས་ལ་འཆར་བའི་སྣང་བ་སྣ་ཚོགས་པ་ཐམས་
ཅ་ད་ད་དོ།
སེམས་ཀྱི་རང་རྩལ་ལམ་མཚན་ཉིད་གོ་མ་འགགས་པར་འཁོར་འདས་ཀྱི་རྣམ་པ་སྣ་ཚོགས་སུ་
སྣང་བ་རྣམས་སོ།

སྣང་ཞེན། སྣང་བ་དང་ཞེན་པའི་བསྡུས་མིང་། ཡུལ་དེ་ཇི་ལྟར་སྣང་བ་ལྟར་ཞེན་པའོ། ཐ་མལ་གྱི་སྣང་ཞེན་ལྟ་བུ།
སྣང་ཤས། སྣང་བ་ཤས་ཆེན་པོ། ཡུལ་ལ་སྲེད་ཞེན་ཆེ་བའི་དོན། ཆེ་འདིའི་སྣང་ཤས་ཟེར་བ་ལྟ་བུ།
སྣང་སེལ། (4) ལྟ་བའི་མིང་ཡིན་པར་གསུང་། (8) འཆི་བ་མི་རྟག་པ་བསྒོམ་པ་ལ་ཟེར། དེ་ནི་ཚེ་འདི་སྣང་གི་བློ་
སེལ་
བྱེད་ཡིན་ཏ། པོ་ཏོ་བའི་གསུང་། རྗེའི་ལམ་རིམ་ཆེ་ཆུང་དུ་དྲངས་པ་ལས། པོ་ཏོ་བའི་ཞལ་ནས།
ངེད་ཀྱི་སྣང་སེལ་མི་རྟག་པ་བསྒོམ་པ་འདི་རང་ཡིན་ཏེ། ཉེ་འབྲེལ་དང་ཡོ་བྱད་ལ་སོགས་པ་ཆེ་འདིའི་སྣང་
བ་ཀུན་བསལ་ནས་རང་གཅིག་པུ་གཉིས
སུ་མེད་པར་ཆེ་ཕ་རོལ་ཏུ་ཕྱད་ཀྱིས་འགྲོ་བར་ཤེས་ནས་ཆོས་མིན་
པ་ཅིས་ཀྱང་བྱར་མེད་སྙམ་ནས་
ཆེ་འདི་ལ་མ་ཆགས་པ་ཞིག་གདོད་འོང་། འདི་བློ་ལ་མ་སྐྱེས་ཀྱི་བར་དུ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*