www.dharmabook.ru tibetan OCR


423
ལམ་ཡོད་པར་སྟོན་པ་ནི་གནད་གཉིས་པ་དང་། ཁ་ཊཾ་གས་ཕ་རྒྱུད་ལ་མེད་པའི་གཏུམ་མོ་འབར་འཛག་གི་
ཐབས་
ཁྱད་པར་ཅ་ན་དང་། བདེ་དགྱིས་སོགས་ནས་བཤད་པའི་བདེ་སྟོང་གི་རྣམ་གཞག་ཐམས་ཅུ་ད་ཡོད་
པར་སྟོན་པ་ནི་
གནད་གསུམ་པ་ཡིན་ཞིང་། སྐྱེས་བུ་གསལ་ཤིང་ལ་བསྐྱོན་པས་མི་དབེ་བ་བཅུ་དང་།
མཆམས་མེད་ལྔ་དང་ཆོས་སྤོང་བ་སོགས་ཀྱི་སྡིག་པ་བཙ་ན་ཐབས་སུ་འཆང་རྒྱ་བར་སྟོན་པ་ནི་ཁྱད་ཆོས་བཞི་
པ་ད་ང་།
སྤྱིར་དམར་ནག་འཇིགས་གསུམ་རྗེ་བཅུན་འཇམ་དཔལ་དབྱང་ས་ཁྲོས་པའི་ཁྲོ་བོར་མཚུངས་ཀྱང་
སྔ་མ་གཉིས་ལ་
རྒྱུ་རྡོ་རྗེ་འཛིན་པའི་སྐབས་སུ་འཛམ་དཔལ་ཞི་བའི་སྲུའི་རྣམ་པ་དང་། འབྲས་བུ་རྡོ་རྗེ་
འཛིན་པའི་སྐབས་
སུ་འཛམ་དཔལ་ཞི་བའི་ཞལ་གྱི་རྣམ་པ་དངོས་སུ་མེད་ཅིང་། རྡོ་རྔེ་འཇིགས་བྱེད་ལ་དེ་
གཉིས་ཀ་དངོས་སུ་
ཡོད་པས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་མན་ང་ག་ཁྱད་པར་ཅན་ཉམས་སུ་བླང་བར་བྱར་ཡོད་པ་ནི་
ཁྱད་
ཆོས་ལྔ་པར་གསུངས་པ་ལྟར་རོ།
དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། རྒྱ་གར་ཤར་ཕྱོགས་བྷང་ག་ལ་ཡི་ལྷོ་ཕྱོགས། རྒྱ་གར་རྒྱ་ནག་འདབ་
འབྲེལ་བའི་
རྒྱ་གར་ཕྱོགས་ཀྱི་རྒྱ་མཚོས་བཅ་ད་པའི་གླིང་ཕྲན་ཕལ་སྐད་དུ་ཨསྟུ་ཀ་ཡ་ཟེར་ཞིང་། ཆོས་འབྱུང་
མཁས་པའི་དགའ་སྟོན་ལས།
རྒྱ་གར་ལྷོ་ཕྱོགས་འགྲོ་ལྗིང་བའི་ཡུལ་ཟད་མཚམས་གཊྭཱོ་དང་གཱི་ཏ་རྒྱ་མཚོར་འདྲེ་བའི་བར་ན་ཤྲཱི་
ན་
ཀ་ཊེ་ཅེས་པ་དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་ཡོད་དེ། ཞེས་ཅང་སྣང་། གྲོང་ཁྱེར་དཔལ་ཡོན་ཅ་ན་ཞེས་པ་ཤིན་ཏུ་
རྒྱ་ཆེ་བ། འགྲམ་ན་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོ་ནི། སྔོན་སང་ས་རྒྱས་གསེར་ཐུབ་
འཇིག་རྟེན་དུ་བྱོན་པའི་དུས་སུ། མུ་བེས་ཉམ་ཐག་པའི་སེམས་ཅ་ན་ལ་ཕན་ཕྱིར་ཉིན་ལམ་བཅུ་གཉིས་ཀྱི་
ར་འབྲས་སོ་བའི་ཆར་པ་དགེ་སློང་ཞིག་གིས་ཕབ་ནས་སེམས་ཅ་ན་ཚིམ་པར་བྱས། འབྲས་ལྷག་རྫུ་འཕྲུལ་
གྱིས་
བསྡུས་ཏ། མཆོད་རྟེན་ཆེན་པོ་ཞིག་བཞེང་ས་པས་དེ་སྐད་ཅེས་གྲགས།
དཔལ་མོ། ཁྱབ་འཇུག་གི་ཆུང་མ།
དཔལ་མོ་ལེགས་བརྗོད་མ་ད་ང་རི་སྐྱེས། ཁྱབ་འཇུག་གི་ཆུང་མ་དཔལ་། བརྒྱ་བྱིན་གྱི་ཚུང་མ་ལེགས་བརྗོད་མ།
དབང་ཕྱུག་གི་ཆུང་མ་རི་སྐྱེས་བཅ་ས་སོ།
དཔུང་བི།་ཡན་ལག་ཉམས་སུ་མོང་བའི་ལྟུང་བྱེད། འབའ་ཞིག་ད་གུ་བཅུའི་ཞེ་བདུན་པ། དམག་མཆནཉིད་
པ་ལ་རེག་པའམ་དམག་བཤམས་པ་དཀྲུགས་པའམ་གཞན་གྱིས་བོས་པའི་རྐྱེན་ཡོད་ཀྱང་དམག་དེ་བལྟ་
བའི་ཆེད་དུ་ཉེ་འཁོར་འདས་ཏེ་བལྟས་པའོ།

དཔུང་མགོ། གཉའ་བ། ཕྲག་པ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*