www.dharmabook.ru tibetan OCR


424
དཔུང་བུ་ཆུང་། རྐང་དམག
དཔེ་མཁྱུད། ཆོས་དང་མན་ང་ག་ཤེས་ཀྱང་སེར་སྣས་གསང་སྟེ་གཞན་ལ་མི་སྟོན་པ་ལ་ཟེར། ད་པེར་ན་སྔགས་རིམ་
ཆེན་མོ་ལས།
ཆོས་ལ་དཔེ་མཁྱུད་བྱེད་པའི་སེར་སྣ་ཡོད་པར་འགྱུར་ཏེ། ཞེས་གསུངས་པ་ལྟ་བུ། སྒྲ་བཤད་
ནི།
དོན་སྟོན་ནས་དཔེ་མ་བསྟན་པར་སྦས་པས་ན་དེ་སྐད་ཅེས་བྱའོ། བསྟན་ད་ར་ལྷ་ར་མས་པའི་གསུང་ལ་
གཞི་བྱས།
དཔེ་ཆ་དང་འགལ་ཕྱག་ད་པེ་དང་འགལ། སེ་ར་བའི་རྩོད་གྲྭའི་སྐབས་ལུང་འདྲེན་བྱེད་ཚུལ་ཞིག། ལོ་རྒྱུས་ནི།
སྔོན་སེ་ར་བྱམས་ཆེན་ཆོས་རྗེ་དང་མཁས་གྲུབ་རིན་པོ་ཆེ་རྣམ་གཉིས་ཚོགས་ལང་ས་བགྲོ་གླེང་མཛད་སྐབས།
བྱམས་ཆེན་ཆོས་རྗེས་མཁས་གྲུབ་རིན་པོ་ཆེར་ཞེ་ས་མ་མཛད་པར། ཁྱོད་ཀྱིས་བརྩམས་པའི་དཔེ་ཆ་དེ་
དང་འགལ། རྗེ་རིན་པོ་ཆེས་མཛད་པའི་ཕྱག་དཔེ་དང་ཡང་འགལ། ཞེས་ལུང་འདྲེན་མཛད་པས་དེའི་སྲོལ་
རྒྱུན་
ཆགས་པར་ང་ག་རྒྱུན་ལ་ཡོད།
དཔེ་ཉེར་འཇལ་གྱི་ཆད་མ། (1) དཔལ་ལྡན་ཟླ་བའི་ཚིག་གསལ་ལས་ཆད་མ་ལ་བཞི་གསུངས་པའི་ཡ་གྱལ་ཞིག་
སྟེ།
འདྲ་བ་ལས་ཉམས་སུ་མོང་བའི་དོན་རྟོགས་པ་ནི་ཉེ་བར་འཇལ་བ་སྟེ། བ་མེན་ནི་བ་ལང་དང་འདྲའོ་
སྙམ་པ་ལྟ་བུའོ། ཞེས་གསུང་ས་པ་ལྟར་རོ། དཔེར་ན་སྔར་བ་ལང་ཆད་མས་ངེས། ཕྱིས་བ་མེན་མཐོང་བ་
ན་
འདི་ནི་བ་ལང་དང་འདྲའོ་སྙམ་དུ་རྟོགས་པའི་ཆད་མ་ལྟ་བུའོ། (8) བ་མེན་མཐོང་བ་ལས་སྲོག་ཆགས་
འདི་དང་འདྲ་བ་ནི་བ་ལང་ངོ་
སྙམ་དུ་འཛིན་པའི་བློ་ལྟ་བུའོ། ཇི་སྐད་དུ། ཞི་བ་འཚོས། གང་ལ་བ་མིན་ཅི་
འདྲ་ཞས།
གྲོང་པ་དག་གིས་དྲིས་པ་ན། བ་ལང་ཅི་འདྲ་དེ་འདྲ་ཞས། འབྲོག་པས་སྨྲས་པ་ལྟ་བུའོ། ཞེས་
ཊིཀ་ཆེན་
རིགས་པའི་རྒྱ་མཚོའི་མངོན་སུམ་གྱི་ལེའུར་གས་ལ།
ད་པེ་ཉེར་འཇལ་གྱི་རྗེས་དཔག དཔེ་ཉེར་འཇལ་གྱི་ཆད་མ་དང་དོན་འདྲ་སྟེ། ད་པེ་ཉེར་འཇལ་ཚུལ་གསུམ་པའི་
གཏན་ཚིགས་ད་ང་ཐལ་འགྱུར་
བཀོད་པ་མེད་ཀྱང་། རྒྱུ་མཆན་ལ་བརྟེན་ནས་འཇལ་བ་ཨིན་པས་རྟགས་ལ་
བརྟེན་པར་བཞག་ཆོག་གོ ཞེས་ལྕང་སྐྱ་རོལ་པའི་རྡོ་རྗེ་གསུང་།
དཔེ་ཉེར་འཇ་ལ་གྱི་གཞལ་བྱ། ཕན་ཚུན་འདྲ་བའི་ཆོས་ལྐོག་ཏུ་གྱུར་པའོ། ལྕང་སྐྱ་རོལ་པའི་རྡོ་རྗེ་གསུང་།
དཔེ་བྱད། ནང་པི་ཡོན་ཏན་མཚོན་པའི་ཕྱིའི་རྟགས། མངོན་རྟོགས་རྒྱན་ལས། ཐུབ་པའི་སེན་མོ་ཟང་ས་མདོག་
དང་།
ཞེས་སོགས་ལྟར་ད་པེ་བྱད་བཟང་པོ་བརྒྱད་ཅུའོ། སྒྲ་བཤད་ནི། ནང་ན་ཡོན་ཏན་ཡོད་པར་མཚོན་
པའི་དཔེའམ་རྟགས་ཀྱི་བྱད་གཟུགས་ལ་ཟེར།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*