www.dharmabook.ru tibetan OCR


441
ཕམ་པ། ངཔ་ར་ཛི་ཀྲ» (4) བསྙེན་རྫོགས་ཀྱི་བཅས་པ་ལས་འད་ས་པའི་ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་།
རང་གི་ངོ་བོའི་ཆ་ནས་དགེ་འདུན་ལྷག་མ་མན་ཆད་ལ་ལྟོས་ནས་ཆད་པ་ལྕིར་རུང་དང་ལྡན་པའོ། མཆན་
ཉིད་ཀྱི་
ཚིག་ཟུར་གྱི་དངོས་གཞི་ཞེས་པས་དགེ་ཚུལ་གྱི་ཕམ་འདྲའི་ཉེས་བྱས་དང་། ཕམ་པའི་སྦྱོར་བའི་བྱོར་
བའི་
ཉེས་བྱས་སོགས་ཕམ་པ་ཨིན་པ་སེལ། མན་ཆད་ཞེས་པས་ལྷག་མ་མན་ཆད་སྡེ་བཞི་པོ་ཕམ་པ་ཡིན་ར་
སེལ།
ལྕིར་རུང་ཞེས་པས་ལྷག་མའི་བཅས་པ་མ་མཛད་པའི་དུས་ཀྱི་ཕམ་པ་ཡང་ཕམ་པ་ཡིན་པར་སྡུད་
པར་བྱེད་དེ།
དུས་གསུམ་རྫས་སུ་གྲུབ་པའི་གྲུབ་མཐའི་ད་བང་གིས་སོ། སྒྲ་བཤད་ནི། ཕ་རོལ་ཉོན་མོང་ས་
པས་རང་ཕམ་པར་བྱས་པས་ན་
དེ་སྐད་ཅེས་བྱའོ། (2) རྒྱལ་བའི་ལྡོག་ཕྱོགས།
ཕམ་པ་བཞི། རྩ་བ་བཞི་དང་འགལ་བའི་ལྟུང་བའོ། མི་ཚངས་པར་སྤྱོད་པ། མ་བྱིན་པར་ལེན་པ། སྲོག་གཅོད་པ།
མི་ཆོས་བླ་མའི་རྫུན་སྨྲ་བའི་ཕམ་པ་དང་བཞིའོ།
ཕར། (4) ཕ་རོལ་གྱི་བསྡུས་ཚིག (8) ཚུ་རོལ་གྱི་ལྡོག་ཕྱོགས།
ཕར་ཕྱིན་ཐེག་པ། མདོ་ཡི་ཐེག་པ། རྒྱུ་ཡི་ཐེག་པ། སྒྲ་བཤད་ནི། ཐེག་པ་གང་ལ་སྤྱོད་པའི་རྟེན་སེམས་བསྐྱེད་དང་
སྤྱོད་པ་ཕར་ཕྱིན་དྲུག་གིས་བགྲོད་ཅིང་དེ་ལས་གཞན་པའི་བསྐྱེད་རྫོགས་ལ་སོགས་པའི་ལམ་མེད་པས་དེ་
སྐད་ཅེས་བྱའོ།
རྗེའི་སྔགས་རིམ་ཆེན་མོར་གཞི་བྱས་ཏེ་བཀོད།
ཕར་ཕྱིན་དྲུག་ཏུ་གྲངས་ངེས་ཚུལ། ཟང་ཟིང་བཏང་བས་ཕ་རོལ་པོའི་ཕོངས་པ་སེལ་བའི་སྦྱིན་པ། སེམས་ཅ་ན་
གང་ལ་ཡང་ཕར་
འཆེ་བ་མི་བྱེད་པའི་ཚུལ་ཁྲིམས། ཚུར་གནོད་པ་བྱེད་པ་ལ་མི་ཁྲོ་བའི་བཟོད་པ། གཞན་
དོན་བྱེད་པ་ལ་མི་
སྐྱོ་བའི་བརྩོན་འགྲུས། རྫུ་འཕྲུལ་ད་ང་མངོན་ཤེས་སོགས་ཀྱིས་གཞན་གྱི་ཡིད་ཆོས་ལ་
དང་བ་
དང་འདུན་པར་བྱེད་པའི་བསམ་གཏན། སྣོད་རུང་དུ་སོང་བ་ན་གནས་ལུགས་ཀྱི་དོན་ལེགས་པར་
བཤད་དེ་ཐེ་ཚོམ་ཐམས་ཅ་ད་བཅ་ད་པས་གྲོལ་བརཔྱེད་པའི་ཤེས་རབ་སྟེ་ཕར་རོལ་དུ་ཕྱིན་པ་དྲུག་ཏུ་གྲང་ས་
ངེས་སོ།
ཕར་ཕྱིན་དྲུག་ལྡན་དུ་བྱ་ཚུལ། སྦྱིན་པ་ལ་སྦྱར་ན། ཆོས་དང་ཟང་ཟིང་གི་དངོས་པོ་གཞན་ལ་གཏོང་བའི་སྦྱིན་
པ།
དེ་ཉིད་ཀྱི་ཆེ་ཉན་རང་གི་ཡིད་བྱེད་སྡོམ་པའི་ཚུལ་ཁྲིམས་དང་། རྣམ་མཁྱེན་གྱི་ཆོས་ལ་མོས་ཤིང་
བཟོད་ལ་གཞན་གྱིས་གཤེ་བ་བཟོད་པ་དང་།
དེ་ཉིད་གོང་ནས་གོང་དུ་འཕེལ་བའི་ཕྱིར་འདུན་པ་བསྐྱེད་པའི་
བརྩོན་འགྲུས་དང་།
ཐེག་དམན་དང་མ་འདྲེས་པའི་སེམས་རྩེ་གཅིག་པས་དགེ་བ་རྫོགས་བྱང་དུ་བསྔོ་བའི་
བསམ་གཏན་དང་།
སྦྱིན་བྱ་སྦྱིན་བྱེད་ལེན་པ་པོ་རྣམས་ལ་སྒུ་མ་ལྟ་བུར་ཤེས་པའི་ཤེས་རབ་སྟེ་དྲུག་ག་གོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*