www.dharmabook.ru tibetan OCR


447
མའི་བསྐྱེད་རྫོགས་ཀྱི་ཟིན་བྲིས་ན་གསལ་བས་དེར་གཟིགས། (2) མགུལ་རྒྱན་དང་། གདུ་བུ། རྣ་ཆ། དབུ་
རྒྱན་གྱི་
ནོར་བུ། མཆོད་ཕྱིར་ཐོགས་དང་ལྔ། རྗེའི་འདོད་འཇོ་ལ་གཞི་བྱས་ཏེ་བཀོད། ཕྱག་རྒྱ་ལྔའི་གྲང་ས་
འདྲེན་ཚུལ་
ཚིག་རིས་མི་མཐུན་པ་མང་ཙམ་འདུག་པས་ཞིབ་ཏུ་བརྟག་པར་བྱའོ། (8) བཀའ་བརྒྱུད ཕྱག་
རྒྱ་ལྔ་ནི།
སྤྱི་བོར་འཁོར་ལོ། སྙན་ལ་རྣ་ཆ། མགྲིན་པར་ནོར་བུ་སྟེ་མགུལ་རྒྱན། ལག་པ་ད་ང་རྐང་པར་གདུ་
བུ་དག་དང་། སྐེད་པར་སྐེ་རགས་རྣམས་ཏེ་དེ་ད་ག་གིས་བརྒྱན་པ་ནི། མི་བསྐྱོད་པ་དང་། འོད་དཔག་མེད།
རིན་འབྱུང་། རྣམ་སྣང་། དོན་གྲུབ་སྟེ་སངས་རྒྱས་ལྔ་ནི་རྣམ་པར་དག་པའོ། འདི་རྣམས་ཀྱིས་རྒྱས་
གདབ་
པའི་ཕྱིར་ཕྱག་རྒྱར་རབ་ཏུ་གྲགས།
ཕྱག་རྒྱ་ཆེན་པོ། དགེ་ལུགས (1)ཟུང་འཇུག་གི་གོ་འཕང་། རྗེའི་རིམ་ལྔ་གསལ་སྒྲོན་ལས། ཕྱག་རྒྱ་ཆེན་པོ་ནི་ཟུང་
འཇུག་གོ།
ཞེས་གསུངས། དགེ་ལུགས (2) ལྷའི་སྐུ། དངོས་གནས་ལ་གྲུབ་པའི་ཞལ་ཕྱག་ཡོང་ས་སུ་རྫོགས་
པའི་
ལྷ་སྐུའམ་ཨི་དམ་གྱི་ལྷ། དཔེར་ན། ལྷ་སྐུ་ཕྱག་རྒྱ་ཆེན་པོ། ཞེས་པ་ལྟ་བུ། བཀའ་བརྒྱུད (8) རང་བཞིན་
ལྷན་ཅིག་སྐྱེས་པ་ཇི་ལྟ་བར་རྟོགས་པ་དེ་
ལ་ཕྱག་རྒྱ་ཆེན་པོ་ཟེར། བཀའ་བརྒྱུད་པའི་སྟོང་ཉིད་ཀྱི་མིང་གི་རྣམ་
གྲངས་ཤིག
༿ ཕྱག་རྒྱ་ཆེན་པོའི་སྒྲ་བཤད་ནི། ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྔེ ཕྱག་རྒྱ་ཆེན་པོ་ལ་སཾ་སྐྲྀ་ཏིའི་
སྐད་དུ་མ་ཧཱ་མུ་
དཱའི་སྒྲ་ལས་དྲངས་པ་མི་འདའ་བའམ་མི་ཕྱེད་པའམ་མི་སྟོང་པ་ལ་འཇུག་སྟེ། སྣང་སྲིད་
འཁོར་འདས་ཀྱི་ཆོས་ཐམས་ཅ་ད་རང་ས་རང་ས་ནས་སོ་མ་ཉམས་མདོག་མ་
བསྒུར་བར་དུས་གསུམ་དུས་
མེད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་
ལས་མི་འདའ་བས་ཕྱག་རྒྱ། དེ་ལས་ལོགས་པའམ་དེའི་གོང་ན་གཞན་
མེད་པས་ན་
ཆེན་པོའོ། ཞེས་ངེས་དོན་རྒྱ་མཚོར་གསལ། ༿ སི་ཏུ་པཎ་ཆེན མུ་དཱ་ཞེས་པ་མི་འད་འ་བར་
བྱེད་པའི་རྒྱའི་སྐད་དོད་ཡིན་པ་ལ་འཁྲུལ་གཞི་གཞན་བསལ་བའི་ཕྱིར།
ལོ་ཙཱ་བ་རྣམས་ཀྱིས་ཕྱག་གི་སྒྲ་བླ་
ཐབས་སུ་བསྣན་ནས་ཕྱག་རྒྱ་ཞེས་པར་
བསྒུར་བ་སྟ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་
ཅད་འདི་ལས་མི་འདའ་བའི་དོན་དང་།
ཆེན་པོ་ཞེས་པ་འདིའི་གོང་ན་ཆོས་གཞན་མེད་པའམ་ལས་ཆོས་
ད་མ་ཚིག་གི་ཕྱག་རྒྱ་གསུམ་ལས་ཁྱད་པར་འཕགས་པའི་དོན་ན་ནོ།
ཞྭེས་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་
ཀྱི་ཕྱག་
ཆེན་སྨོན་ལམ་གྱི་འགྲེལ་པར་གསལ། ༿ སྒྲ་བཤད་གཞན་ཡང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ ཟུང་དུ་
འཇུག་པས་ན་
ཕྱག་རྒྱ། དེའི་རང་བཞིན་གྱིས་ཆོས་ཐམས་ཅ་ད་ལ་ཁྱབ་པས་ན་ཆེན་པོ་སྟེ་ཆོས་ཐམས་ཅ་ད་དེ་
ལས་མི་འདའ་བའདའ་བའོ།
དེའི་ཆེ་ཕྱིའི་སྣང་བ་ཐམས་ཅད་སྣང་སྟོང་ཟུང་འཇུག། ནང་གི་རིག་པ་མཐའ་ད་ག་
རིག་སྟོང་
ཟུང་འཇུག སྣང་རིག་ཕྲད་པའི་ཚོར་བམཐའ་དག་བདེ་སྟོང་ཟུང་འཇུག་ཡིན་པ་ལས་དང་པོ་
་གཉིས་ལ་
རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་བྱ། ཕྱི་མ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་
དྦྷྱ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*