www.dharmabook.ru tibetan OCR


448
གསུང་ས་ཤིང་། ཞེས་ཤེས་བྱ་ཀུན་ཁྱབ་ན་གསལ། ༿ སྒྲ་བཤད་གཞན་ཡང་། ཕྱག་ནི་སྟོང་པའི་ཡེ་ཤེས་
ཡིན།
རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། ཆེན་པོ་ཟུང་དུ་འཇུག་པའོ། ཞེས་གསུངས། ཕྱག་རྒྱ་ཆེན་པོའི་སྒྲ་
བཤད་དང་ངེས་ཚིག་ལ་དོགས་གཅོད ཕྱག་རྒྱ་དང་། ཡེ་ཤེས་དང་། གོ་རིམ་ལ་སོགས་པ་ལ་རྒྱ་གར་ན་ཡེ་དང་། ཕྱག་དང་། གོ་
ལ་སོགས་པའི་སྒྲ་མེད་
གྱང་། བོད་ལ་ཚིག་སྦྱར་བ་བདེ་བའི་དོན་དུ་བསྣན་ནས་བསྒྱུར་བ། མཁས་འཇུག་ཏུ་གསུངས་ཞེས་དང་། རྒྱ་
སྐད་ལ་
ཡེ་དང་ཕྱག་སོགས་ཀྱི་སྐད་དོད་མེད་ན། ཕྱག་ཆེན་ཐིག་ལེ་ལས། ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། རྒྱ་ནི་འཁོར་བའི་ཆོས་ལས་
གྲོལ།
ཞེས་འབྱུང་བ་ཅི་ཡིན་ཞེ་ན། འདི་དང་རྣམ་སྣང་མངོན་བྱང་ལས། དཀྱིལ་ནི་སྙིང་པོའོ། འཁོར་ནི་ལེན་པའོ། ཞེས་པ་ལྐ་བུ་
དག་ལོ་
ཅཱབ་རྣམས་ཀྱིས་གོ་བདེའི་ཐབས་ཙམ་དུ་ད་གོང་ས་ནས་ཅུང་ཟད་བསྒྱུར་ཆེས་པར་སྣང་སྐེ། འདི་འདྲའི་སྐབས། མུནི་སྟོང་
པའི་ཡེ་ཤེས་ཏེ། དྲ་ནི་འཁོར་བའི་ཆོས་ལས་གྲོལ། ཞེས་དང་། མཎྜ་ནི་སྙིང་པོའོ། ལ་ནི་ལེན་པའོ། ཞེས་སྐད་དོད་རང་སོར་
བཞག་ན་ཚིག་དོན་གཉི་ག་ལ་འགྲིག་པར་སྣང་ང་ངོ་།
ཞེས་རྔེ་གུང་ཐང་པ་གསུང་ངོ་།
ཕྱག་རྒྱ་དྲུག (4) བདེ་མཆོག ལྷའི་རྒྱན་ཆ་དྲུག། ཕྱག་རྒྱ་དྲུག་གིས་བརྒྱན་པ་ཞེས་གསུངས་པའི་ཕྱག་རྒྱ་དྲུག་ནི།
མགུལ་རྒྱན་དང་། མི་རུས་ཀྱི་མཁུལ་རྒྱན གདུ་བུ། མི་རུས་ཀྱི་གདུ་བུ རྣ་ཆ། [མི་རུས་ཀྱི་རྣ་ཆ དབུ་རྒྱན་དུ་
ནོར་བུ། མཆོད་ཕྱིར་ཐོགས།མི་རུས་ཀྱི་མཆོད་ཕྱིར་ཐོཁ ཐལ་བ་ཆེན་པོ་དང་དྲུག་ག་གོ། ཐལ་བ་ཆེན་པོ་ནི་མི་རུས་
ཀྱི་
ཐལ་བ་ལ་ཟིར སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་ཕྱིར། སྐུ་ལ་ཕྱག་རྒྱ་དྲུག་
གིས་རྒྱས་བཏབ་པའོ།
ཞེས་རྗེའི་འདོད་འཇོ་ལས་གསུངས། ཀྱེ་རྡོར མགུལ་རྒྱན་ད་ང་། གདུ་བུ། རྣ་ཆ།
འཁོར་ལོ། རྐེད་རྒྱན། ཐལ་བ་ཆེན་པོདང་དྲུག་ག་གོ། (2) བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས།
བོད་དུ་སང་ས་རྒྱས་ཀྱི་བསྟན་པ་དར་བའི་རྟེན་འབྲེལ་ལ། ནམ་མཁའ་ནས་ཉི་མའི་འོད་ཟེར་ལ་འགྲོགས་ཏེ།
རྒྱལ་པོའི་ཕོ་བྲང་པི་སྟེང་དུ་བབས་པའི། མདོ་སྡེ་ཟ་མ་ཏོག། སྙིང་པོ་ཡི་གེ་དྲུག་མ། སྤང་སློང་ཕྱག་རྒྱ་པ།
གསེར་གྱི་མཆོད་རྟེན་ཁྲུ་གང་པ།་མུ་དྲ་འི་ཕྱག་རྒྱ། ཙིརྟྟམཆིའི་སྭཙྪ་བསྐོས་ཕོར་བཅས་ཀྱི་མིང་པར་བ་ཤད་།
ཕྱག་རྒྱ་བ། བཀའ་བརྒྱུད་པ། ལྟ་བའི་ཆ་ནས་མིང་བཏགས།
ཕྱག་རྒྱ་བཞི།
ཆོས་ཀྱི་ཕྱག་རྒྱ། དམ་ཚིག་གི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ། ལས་ཀྱི་ཕྱག་རྒྱ་དང་བཞི། ཧྲུ་ལ་སོགས་པ་
སྔགས་ཀྱི་
ཡིག་འབྲ་རྣམས་ཆོས་ཀྱི་ཕྱག་རྒྱ། དེ་ཡོངས་སུ་གྱུར་པ་ལས་དམ་ཚིག་གི་ཕྱག་རྒྱ་ ཕྱག་མཚན། དེ་
ཡོངས་སུ་གྱུར་པ་ལས་
ཕྱག་རྒྱ་ཆན་པོ་ ལྷའི་སྐུ་རྫོགས་པར་བསྐྱེད་དེ་ལས་ཀྱི་ཕྱག་རྒྱ་ འགྲོ་བའི་དོན་མཛད་
པའི་
འཕྲིན་ལས་ཏེ་བཞིས་རྒྱས་བཏབ་ནས་ལྷའི་སྐུ་བསྐྱེད་པའོ། རྗེའི་རྣམ་གཞག་རིམ་པའི་རྣམ་བཤད་ལ་
གཞི་བྱས། ཕྱག་རྒྱ་བཞི་པོ་ནི་རྒྱལ་བའི་སྐུ་གསུང་ཐུགས་འཕྲིན་ལས་བཞི་ལ་ཟེར། ཕྱག་ཆེན་སྐུ། དམ་རྒྱ་
ཐུགས།
ཆོས་རྒྱ་གསུ་ང་། ལས་རྒྱ་འཕྲིན་ལས། ཞེས་རྗེའི་སྔགས་རིམ་ཆེན་མོར་གསུངས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*