www.dharmabook.ru tibetan OCR


གཏུགས་ཏེ་ཕྱག་འཚལ་བའོ། སྒྱིད་པ་ལ་འཁྱུད་པའི་ཕྱག་ནི། མདུན་དུ་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་
ནས།
ཕ་རོལ་པོའི་རྐང་པའི་མཁྲིག་མ་གཉིས་ལ་ལག་མཐིལ་གཉིས་འཁྱུད་དེ་རྐང་པ་ལ་སྤྱི་བོས་གཏུགས་
པའོ།
མཚོ་ཊིཀ་སྨད་ཆ་དགེ་སློང་མའི་རྣམ་འབྱེད་ལ་གཞི་བྱས།
ཕྱག་གཡས་ས་གནོན་དང་བདུད་རྩིས་གང་བའི་ལྷུང་བཟེད་ཀྱི་མཚོན་དོན། དེ་གཉིས་ཀྱིས་བདུད་བཞི་བཅོམ་
པ་མཚོན་ཏེ།
གཡས་ས་གནོན་གྱིས་ལྷའི་བུའི་བདུད་བཅོམ་པ་དང་། ལྷུང་བཟེད་ནང་གི་བདུད་རྩི་དེ་ཡ་ང་ན་
བ་མེད་པ་སྨན་
གྱི་བདུད་རྩིས་ཕུང་པོའི་བདུད། འཆི་བ་མེད་པ་ཆེའི་བདུད་རྩིས་འཆི་བདག་གི་བདུད། ཟག་
པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིས་ཉོན་མོངས་པའི་བདུད་འཇོམས་པ་
མཚོན་ནོ།
ཕྱང་ཕྲུལ་ཅན།
གསེར་གྱི་ཕག་གུའི་དབུས་གྲོག་མ་ལྟ་བུ་ཅན་ལ་གསེར་སྐུད་ཀྱིས་བརྒྱུས་པ་མཐའ་ནས་གཡེར་ཀ་
བཏགས་པ་ཅན་དག་ལས་བྱས་པ
འི་གསེར་གྱི་འོག་པག་གང་ཡིན་པའོ།
ཕྱད། གློ་བུར། རྗེའི་ལམ་རིམ་ཆེ་ཆུང་ལས། པོ་ཏོ་བའི་ཞལ་ནས། ངེད་ཀྱི་སྣང་སེལ་མི་རྟག་པ་བསྒོམ་པ་འདི་རང་
ཡིན་ཏེ།
ཉེ་འབྲེལ་དང་ཡོ་བྱད་ལ་སོགས་པ་ཆེ་འདིའི་སྣང་བ་ཀུན་བསལ་ནས་རང་གཅིག་པུ་གཉིས་སུ་མེད་
པར་
ཆེ་ཕ་རོལ་ཏུ་ཕྱད་ཀྱིས་འགྲོ་བར་ཤེས་ནས་ཆོས་མིན་པ་ཅིས་ཀྱང་བྱར་མེད་སྙམ་ནས་ཆེ་འདི་ལ་མ་
ཆགས་པ་ཞིག་གདོད་འོང་། འདི་བློ་ལ་མ་སྐྱེས་ཀྱི་བར་དུ་ཆོས་ཐམས་ཅད་ཀྱི་ལམ་འགགས་ནས་འདུག་པ་
ཡིན་
གསུང་། ཞེས་གསུངས་པ་ལྟར་རོ།
ཕྱར་གཡེང་། ཟུར་གྱིས་འཕྱ་བ་ལ་སོགས་པ་རྩེད་མོ་རྣམ་གཡེང་གི་མིང་། སྒྲ་བཤད་ནི། ཕྱར་ནི་ཕྱར་ཀ་གཏོང་བ།
གཡེང་ནི་རྣམ་གཡེང་ང་མ་རྩེད་མོའོ། ཕྱར་ཀ་གཏོང་བ་ནི། འདུལ་བ་ལུང་གཞིའི་འགྲེལ་པ་ལས། ཕྱར་ཀ་
གཏོང་བར་བྱེད་ཅེས་
པ་ནི་གཞོགས་ཀྱིས་སྙད་འདོགས་པར་བྱེད་པའོ། ཞེས་གསུངས་པ་ལྟར་རོ། འདུལ་བ་
ལུང་གཞིའི་འགྲེལ་པ་ལས།
འཕྱར་གཡེང་ཞེས་བྱ་བ་ནི་ཤིན་ཏུ་བརྟད་པར་འཇུག་ཅིང་འཁྱུད་པ་དང་འོ་བྱེད་
པ་ལ་སོགས་པའི་རྟལ་བག་བྱེད་པའོ།
འཕྱར་གཡེང་དང་། ཕྱར་གཡེང་གཉིས་ཀ་འཐད་པར་སེམས།
ཕྱི་དང་གསང་བ་ཐཱེག་པ་གསུམ། དག་ལུགས ཕྱི་བྱ་སྤྱོད། གསང་བ་རྣལ་འབྱོར་དང་རྣལ་འབྱོར་བླ་མེད། ཐེག་
པ་གསུམ་ནི་ཉན་ཐོས།
རང་རྒྱལ། ཐེག་ཆེན་གྱི་ཐེག་པ་སྟེ་གསུམ།
ཕྱི་དོན། (1) རྡུལ་ཕྲན་ཆ་མེད་བསགས་པའི་རགས་པ་ལ་ཟེར། (2) འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་རྒྱུད་
ཀྱིས་མ་
འདུས་པའི་ཕྱི་རོལ་གྱི་གཟུགས་ལ་ཕྱི་དོན་ཟར། དེར་བརྟེན་ཐལ་འགྱུར་བས་ཕྱི་དོན་བཞེད་ཀྱང་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*