www.dharmabook.ru tibetan OCR


རྡུལ་ཕྲན་ཆ་མེད་བསགས་པའི་རགས་པ་ལ་བྱེ་མདོས་ཕྱི་དོན་གྱི་ཐ་སྙད་བཏགས་པའི་ཕྱི་དོན་ནི་མི་བཞེད་
ཕྱི་ནང་རྒྱུད་སྡེ་གཉིས། ཕྱི་བྱ་སྤྱོད་དང་། ནང་རྣལ་འབྱོར་དང་རྣལ་འབྱོར་བླ་མེད་ལ་བཞེད་པ་མན་སྙེ་ལས་གསལ་
ཞེས་འཇམ་མགོན་ཀོང་སྤྲུལ་གསུངས། སྒྲ་བཤད་ནི། བྱ་སྤྱོད་གཉིས་ཕྱི་ཁྲུས་སོགས་ལུས་ངག་གི་ལས་གཙོ་
བོར་གསུངས་པ
ས་ཕྱིའི་རྒྱུད་དང་། རྣལ་འབྱོར་དང་རྣལ་འབྱོར་བླ་མེད་དུ་ཏིང་ངེ་འཛིན་སོགས་ནང་
སེམས་ཀྱི་
ལས་གཙོ་བོར་གསུངས་པས་ནང་གི་རྒྱུད་དུ་གསུངས། ཞེས་ཤེས་བྱ་མཛོད་འགྲེལ་ན་གསལ།
ཕྱི་ནང་གསང་གསུམ་གྱི་བར་ཆད། ཕྱིའི་བར་ཆད་ནི་དམག་འཁྲུག་དང་འབྱུང་བ་བཞིའི་གནོད་པ་སོགས། ནང་
གི་བར་ཆད་ནི་
ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་སོགས། གསང་བའི་བར་ཆད་ནི་བློ་སྣ་ཆོས་སུ་
བཀོལ་དུ་མི་བཏུབ་ཅིང་ལས་སུ་མི་རུང་བ་རྣམས་སོ།
ཕྱི་ནང་གསང་བ་ཐེག་པ་གསུམ། བཀའ་བརྒྱུད ཕྱི་ཉན་ཐོས། ནང་ཐེག་ཆེན། གསང་བ་སྔགས་ཀྱི་ཐེག་པ་སྟེ་ཐེག་
པ་གསུམ།
ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཞི། མཆོད་པ་བཞི་ལ་གཟིགས།
ཕྱི་པ། ནང་པ་ལས་གཞན་པའི་ཆོས་ལུགས་སྨྲབ། གཞན་སྡེ། ཕྱི་རོལ་པ། ཆོས་འདི་པ་མིན་པ། མུ་སྟེགས་པ། མུ་
སྟེགས་བྱེད་རྣམས་མིང་གི་
རྣམ་གྲངས།
ཕྱི་ཕྱིར། ཡང་ཡང་། ཡང་དང་ཡང་དུ། ལྷག་པར། སླར་ཡང་། ལུང་ཕྲན་ཆེགས་ཀྱི་འགྲེལ་པ་ལས། ཕྱི་ཕྱིར་ཞེས་
བྱ་བ་ནི་ཡང་དང་ཡང་དུ
ོ། ཞེས་གསུངས། ཕྱིར་ཞིང་དང་དོན་འདྲ། རྗེའི་རྟེན་འབྲེལ་བསྟོད་པ་ལས།
ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། ཡུན་རིང་ངལ་བ་བསྟེན་བྱས་ཀྱང་། ཕྱི་ཕྱིར་སྐྱོན་རྣམས་བོས་པ་
བཞིན།
བད་ག་ཏུ་ལྟ་བ་བ་བཏན་ཕྱིར་རོ། ཞེས་གསུངས་པ་ལྟ་བུ། དམ་ཆོས་པད་ད་ཀར་པོའི་མདོ་ལས།
སྲིད་པས་བརྒྱལ་ཞིང་གརྟི་མུག་མོས་པ་རྣམས། དེ་དག་འདོད་རྒྱུས་ང་ན་འགྲོར་རབ་ཏུ་ལྟུང་། འགྲོ་བ་དྲུག་
ཏུ་ཀུན་ཏུ
ཉོན་མོངས་ཏེ། དུར་ཁྲོད་དེ་དག་ཕྱི་ཕྱིར་འཕེལ་བར་བྱེད། ཅེས་གསུངས།
ཕྱི་མའི་མཐའ། ཆེ་རབས་ཕྱི་མ། སྐྱེ་བ་ཕྱི་མ། མ་འོངས་པ།
ཕྱི་མའི་མཐའ་ལ་མཁས་པ། འཆི་བའི་དུས། གང་དུ་སྐྱེ་བའི་གནས། དེ་དག་གི་རྒྱུའམ་ལས་ཀྱི་རྣམ་དབྱེ་རྣམས་
ཇི
ལྟ་བ་བཞིན་དུ་མཁྱེན་པ་ལ་ཟེར་ཏེ། རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། འདི་ཙམ་དུས་ན་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*